ས་གནས་འགོ་འཛིན་གྱི་འཚོག་འདུ།
འཚོག་འདུ་ཉིན་གཉིས་རིང་གི་གྲོས་གཞི་ཁག་བཞི་ནི། ༢༠༠༧ ལོའི་ས་འགོའི་ཚོགས་འདུའི་སྐབས་ཀྱི་གྲོས་ཆོད་ཁག་དབུས་ས་གཉིས་ནས་ཇི་ཞུས་སྙན་སྒྲོན་དང། གཞིས་ཆགས་སྲ་བརྟན་སྐོར་ྋགོང་ས་མཆོག་ནས་བཀའ་ཕེབས་པའི་ཐོག་གྲོས་བསྡུར། ས་གནས་ཀྱི་སྒྲིག་གསལ་ཚོགས་ཆུང་ལག་ལེན་བསྟར་ཕྱོགས་དང་ས་འགོ་དང་བཟོ་ཚོགས་ནས་གྲུབ་དོན་སྙན་གསེང། ༢༠༠༠ ལོར་བཙུགས་པའི་ཉམ་ཐག་བསྐྱར་ཞིབ་ཚུགས་ཆུང་ཐད་གྲོས་བསྡུར་བྱེད་རྒྱུ་བཅས་ཡིན་པ་རེད། ཚོགས་འདུ་ཉིན་གཉིས་པ་དེ་ཕྱི་ཟླ་༣ ཚེས་༡ ཉིན་འཚོག་རྒྱུ་ཡིན་པ་དང། ས་གནས་འགོ་འཛིན་གྱི་ཚོགས་འདུ་དེ་ཡང་ལྔ་བཅུའི་དུས་དྲན་གྱི་མཇུག་བསྡོམས་ཚོགས་འདུ་ཟླ་འདིའི་ཚེས་༢༦ དང་༢༧ བཅས་ཉིན་གཉིས་རིང་མ་འཚོག་པའི་སྔོན་དུ་གོ་སྒྲིག་གནང་བ་ཞིག་ཡིན་པ་དང། ལྔ་བཅུའི་དུས་དྲན་གྱི་མཇུག་བསྡོམས་ཚོགས་འདུ་དེ་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་འཚོག་གཏན་ཁེལ་བ་མ་ཟད། ཚོགས་འདུ་དེར་བོད་གཞུང་གི་སྲི་ཞུ་ལས་བྱེད་ཡོངས་རྫོགས་དང། ས་གནས་འགོ་འཛིན་ཡོངས་རྫོགས། རྒྱ་བལ་འབྲུག་གསུམ་གྱི་འབྲེལ་མཐུད་པ་ཡོངས་རྫོགས་ལྷན་དུ་འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་མི་རིགས་ཀྱི་འཐབ་རྩོད་ལས་དོན་བྱེད་ཕྱོགས་ཐད་གྲོས་འཆར་ལ་ཚད་འཛིན་མེད་པར་བསམ་ཚུལ་ཞིབ་གླེང་གི་ཚོགས་འདུ་ཞིག་ཀྱང་འཚོག་རྒྱུ་ཡིན་པ་རེད།།
