རྗེས་དྲན་རྡོ་རིང་།

རྗེས་དྲན་རྡོ་རིང་དེ་ནི་ཕྱི་ལོ་༡༩༤༩ ནས་ད་ལྟའི་བར་བོད་རྒྱལ་ཁབ་ཀྱི་དོན་དུ་གཅེས་སྲོག་ཤོར་བའི་ཆོལ་གསུམ་བོད་ཀྱི་དཔའ་བོ་དཔའ་མོ་ཚོ་རྗེས་དྲན་གྱི་ཆེད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཙོ་འགན་བཞེས་ཏེ་གསར་བཞེངས་བྱས་པ་ཞིག་རེད། འགྲོ་གྲོན་གྱི་ཆེད་དུ་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་ཚོས་ཧིན་སྒོ་༣ རེ་དང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོས་ཨ་སྒོ་༡ རེ་བསྡུ་རུབ་བྱས་ཡོད་པ་དང། རྡོ་རིང་གི་སྔོན་རྩིས་ཧིན་སྒོར་འབུམ་༡༡ ཙམ་འཆར་འགོད་བྱས་ཡོད་རུང་། སྔོན་རྩིས་ལྟར་འགྲོ་སོང་ཕྱིན་མེད་པའི་གནས་ཚུལ་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་སོང།།