ཝཱ་ཎར་གསུམ་བཅུའི་དུས་དྲན་སྲུང་བརྩི།
གོ་སྒྲིག་ཚོགས་ཆུང་གི་ལས་བྱེད་ཁག་ཅིག་ནས་ྋགོང་ས་མཆོག་དང༌། སྤྱི་འཐུས། དེ་བཞིན་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་ཟིན་རྗེས། ཚོགས་ཆུང་གཉིས་སུ་ཁག་བགོས་བྱས་ཏེ་ལས་བྱེད་ཀྱི་སྐུ་ཚབ་གསུམ་དང༌། སློབ་མའི་སྐུ་ཚབ་གསུམ་བཅས་གདན་འདྲེན་ཞུས་ཏེ་བོད་ཀྱི་རྩ་དོན་ཞེས་པའི་བརྗོད་གཞིའི་ཐོག་ལ་བགྲོ་གླེང་གནང་ཡོད་པ་རེད། བོད་ཀྱི་རྩ་དོན་ནི་བོད་མིའི་ངོ་བོ་མི་བརླག་པར་དུས་དང་རྣམ་པ་ཀུན་ཏུ་སོ་སོ་བོད་མི་ཞིག་དང༌། བོད་ཀྱི་བདག་དབང་གཞན་གྱི་ལག་ཏུ་ཡོད་སྙམ་པའི་ཚོར་སྣང་དགོས་རྒྱུ་ཚང་མའི་དགོངས་འཆར་གཅིག་མཐུན་བྱུང་ཡོད་པ་དང། མཐའ་དོན་སྐུ་མགྲོན་གྱི་གཙོ་བོ་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་བོད་ཀྱི་རྩ་དོན་སྐོར་ལ་བཀའ་སློབ་ལམ་སྟོན་གནང་ཟིན་རྗེས་མཛད་སྒོ་མཇུག་སྒྲིལ་ཡོད་པ་རེད།། ཝཱ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།