ལི་ཐང་དུ་ཤུགས་ལྡན་བསྟེན་རྒྱུ་མཚམས་འཇོག
མི་ཚང་དེའི་ཐུགས་རྗེ་གཟིགས་ཚེ་འདས་ཀྱི་ཆེད་དུ་བཞེས་རོགས་གནང། ང་ཚོས་ཕྱི་རྒྱལ་ལ་ཁ་པར་བཏང་ནས་ཁོ་ལ་ཤུགས་ལྡན་དང་འབྲེལ་བ་མ་བྱེད་ཟེར་ཆོག གལ་ཏེ་ཉན་གྱི་མི་འདུག་ན་ང་ཚོའི་ནང་ནས་ཁོ་ཕྱིར་ཕུད་དེ་འབྲེལ་བ་མི་བྱེད་ཅེས་ཞུ་བ་ཡང་ཡང་འཐེན་སྐབས། ཁྱེད་ཚོས་ནམ་གཙང་མ་བཟོས་ཟིན་པ་ན་དེའི་སྐབས་ཅ་དངོས་དག་ལེན་ཆོག་ཅེས་གསུངས་འདུག དེའི་ཕྱི་ཉིན་ཕོང་པོ་དུལ་འཇུག་བྱེད་སྐབས་ཡུལ་སྲོལ་ལྟར་མི་ཚང་དེས་ཟ་འཐུང་གྲ་སྒྲིག་བྱས་ཏེ་གྲོང་མི་རྣམས་དུལ་ཆོག་ཏུ་ཡོང་སྲོལ་ཡོད་ཀྱང། ཉིན་དེར་གྲོང་མིི་རྣམས་ཀྱིས་སོ་སོའི་ཟ་བཅའ་ཁྱེར་ཏེ་ཡོང་བ་ལས། མི་ཚང་དེའི་ནང་ཟས་རིགས་ཟོས་མེད་འདུག
འདི་ལོ་ཕྱི་ཟླ་༢ ཚེས་༣ ཉིན་ལི་ཐང་དགོན་ཆེན་གྱི་ཆོས་རྭའི་ནང་མ་ཎི་འཚོག་སྐབས། ལི་ཐང་མཁན་རིན་པོ་ཆེའི་མང་ཚོགས་ལ། ང་ཚོ་ལི་ཐང་དགོན་ཆེན་གྱིས་ཤུགས་ལྡན་མི་བསྟེན་པ་གཙང་སེལ་བྱས་ནས་ལོ་མང་སོང་ཡང་མང་ཚོགས་ནང་ད་དུང་ཤུགས་ལྡན་དང་འབྲེལ་བ་ཡོད་མཁན་དང་ཡང་ན་ཤུགས་ལྡན་སྟེན་མཁན་དང་རྒྱུ་དངོས་ཀྱི་འབྲེལ་བ་ཆེན་པོ་ཡོད་མཁན་དེ་འདྲ་ཡོད་ཚོད་འདུག དེའི་སྐོར་ལ་ང་ཚོ་མཁན་ལས་ཟུར་རྣམ་པ་གཙོས་ལས་སྣེ་བ་ཡོངས་ཀྱི་གྲོས་དོན་ལྟར། དོ་བདག་སུ་འདྲ་ཞིག་ཡིན་རུང་ཤུགས་ལྡན་སྟེན་མཁན་དང། ཡང་ན་འབྲེལ་བ་ཡོད་ཚེ། ཉི་མ་དེ་རིང་ནས་བཟུང་མི་དེ་ལི་ཐང་དགོན་ཆེན་གྱི་ལྕག་རིའི་སྒོའི་ཐེམ་པ་བརྒལ་ནས་ཡོང་མི་ཆོག་པ་དང། དེ་མ་ཟད་མི་ཚང་དེ་ལ་མི་ཤི་ན་ཚ་ག་འདྲ་ཞིག་ཡོང་ཡང་ལི་ཐང་དགོན་ཆེན་གྱི་བླ་གྲྭ་སུ་གཅིག་ཀྱང་མི་ཚང་དེར་ཕེབས་མི་ཆོག གལ་སྲིད་དེ་རིང་གི་མ་ཎི་འདོན་མཁན་གྱི་ནང་ན་མི་དེའི་རིགས་ཡོད་པ་ཡིན་ན་ད་ལྟ་འདིར་མ་འདུག དེས་ཁྱེད་རང་ལ་ཕན་གྱི་མ་རེད་ལ་ང་ཚོ་དང། ལི་ཐང་དགོན་ཆེན་ལ་གནོད་པ་མ་ཟད་རྩ་བའི་བླ་མའི་བཀའ་དང་ཡང་འགལ་འགྲོ་ཡི་རེད། འདིས་ཕྱོགས་མང་པོ་ཞིག་ལ་གནོད་ཀྱི་ཡོད་པས་ཁྱེད་ཚོ་འགྲོ་རོགས། དེ་བཞིན་གྲོང་སྡེ་སོ་སོས་སོ་སོར་གཙང་མ་བཟོས་ན་དགའ་ཡི་རེད། གལ་ཏེ་གྲོང་སྡེ་དེའི་ནང་ལ་མི་དེའི་རིགས་ཡོད་པ་གོ་ཐོས་བྱུང་ཚེ་ང་ཡང་གྲོང་སྡེ་དེའི་ནང་གོམ་གང་མི་སྦོ་ཐག་ཆོད་ཡིན། རང་གཞན་ཚང་མའི་བསམ་བློ་ཡག་པོ་གཏོང་རོགས་ཞེས་གསུངས་འདུག དེའི་རྗེས་གྲོང་སྡེ་ཁག་གཅིག་གིས་སྤྱི་ཁང་དུ་༧གོང་ས་མཆོག་གི་སྐུ་པར་མདུན་དུ་མི་རེ་ངོ་རེ་ནས་ཤུགས་ལྡན་མི་བསྟེན་པ་དང་སྟེན་མཁན་ལ་རྒྱུ་ཟས་ཀྱི་འབྲེལ་བ་མི་བྱེད་པའི་མནའ་སྐྱེལ་དམ་འབུལ་བྱེད་བཞིན་ཡོད་འདུག རིམ་བཞིན་སྡེ་བ་ཚང་མའི་ནང་དུ་དེ་ལྟར་ལས་འགུལ་སྦེལ་འཆར་ཡོད་འདུག།།
མོན་གྷོ་གསར་འགོད་པས།