འཇར་མན་དུ་བོད་དོན་གླེང་བ།
སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཏང་གནང་མཛད་པའི་གནས་འཕྲིན་ཞིག བོད་དོན་གྲོས་མོས་ཚོགས་འདུས་སུ་སྒྲོགས་སྦྱང་གནང་ཡོད་པ་དང་། བོད་དོན་གྲོས་མོལ་སྡེ་ཚན་དེའི་འགན་འཛིན་ལྷན་ཚོགས་དང་འཐུས་མི་རྣམས། ཡི་ཤུའི་མང་གཙོ་ཚོགས་པ་དང་། མང་གཙོ་རང་དབང་ཚོགས་པ། ཕྱོགས་འགལ་ཚོགས་པ། སྤྱི་ཚོགས་མང་གཙོའི་ཚོགས་པ། ལྗང་ཁུ་ཚོགས་པ་བཅས་གཞུང་གི་ཆབ་སྲིད་སྡེ་ཚན་ཆེ་ཁག་ནས་མི་སྣ་ཕེབས་ཡོད་འདུག
