མོ་མགོ་ཐོན་པར་གྱིས།
མོ་དེའི་མི་གཞི་མོ་དམན་ཟེར།
མོ་ལུས་མི་ལ་མ་ཚོང་ཞིག
མོ་རིགས་མོ་ཡིས་མ་རང་ལས།
མོ་རེའི་མི་ཚེའི་མ་གཞི་བརླག།
མོ་དེ་མ་ལྟར་མིན་ན་ཡང།
མོ་མགོ་མི་ཡིས་མ་དམོད་ཕྱིར།
མོ་ཚོས་མི་རབས་མ་ལྟར་བརྩོན།
མོ་རྩིས་མ་ཉན་མ་རྩ་བསྒྲུབ།།
མོ་ཡི་མ་གཤིས་མ་མ་སྐྱོང།
མོ་ཚོས་མི་ཡི་མ་རྐང་འཛིན།
མོ་ངན་མ་རབ་མི་འཇུག་པར།
མོ་ཚོའི་མ་གཞིས་མ་ཉམས་མཛོད༎
བུད་མེད་ལྷན་ཚོགས་བཙུགས་ནས་ལོ་ཉེར་ལྔར་འཁོར་བའི་དུས་དྲན་ཞོགས་པར་བྲིས་སོ་དགེའོ༎
