སྤྱི་འཐུས་ལྷན་ཚོགས་ཀྱིས་མྱ་ངན་ཞུ་འཕྲིན་ཕུལ་བ།
སྐུ་ཞབས་གྷི་རི་ཇ་པར་སཱ་ཌ་ཀོའི་ར་ལཱ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་ནི་བལ་པོའི་མི་མང་ཙམ་མ་ཟད། མང་གཙོར་ཡིད་ཆེས་གནང་མཁན་ཚང་མར་གྱོང་གུན་ཆེན་པོ་ཞིག་ཕོག་ཡོད། དམ་པ་ཁོང་ནི་བལ་ཡུལ་རྒྱལ་ཁབ་ཀྱི་མགོན་སྐྱབས་ཤིག་ཡིན་པ་མ་ཟད། མིའི་རང་ཆས་སུ་ཡོད་པའི་ཐོབ་ཐང་དང་མང་གཙོའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་ང་ཚོ་འདྲ་བ་མང་པོ་ཞིག་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན། བློ་ཕམ་ཆེ་བའི་དུས་སྐབས་འདིར་བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀུར་འོས་ཀོའི་ར་ལཱའི་ནང་མི་ལྷན་རྒྱས་དང༌། བལ་ཡུལ་ཀོང་རེ་སིའི་ཚོགས་པ། དེ་བཞིན་བལ་ཡུལ་མི་མང་བཅས་ལ་ང་ཚོས་གདུང་སེམས་མཉམ་བསྐྱེད་དང་སེམས་གསོ་ཞུ་བཞིན་ཡོད། སྐུ་ཞབས་དམ་པ་གྷི་རི་ཇ་མཆོག་གིས་མི་མང་ཉམ་ཐག་དང་དབུལ་ཕོངས། དེ་བཞིན་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོར་བྱམས་བརྩེའི་གཟིགས་སྐྱོང་མཛད་པ་དེར་དུས་རྟག་ཏུ་དྲན་གསོ་ཞུ་རྒྱུ་དང༌། མཆོག་གསུམ་རྒྱལ་བ་རྒྱ་མཚོས་སུ་ཇ་ཏཱ་ཀོའི་རཱ་ལ་སྐུ་ཉིད་དང་སྐུ་ཉིད་ཀྱི་ཚོགས་པས་དམ་པ་དེ་ཉིད་ཀྱི་ཐུགས་འདུན་མཐའ་དག་ལྷུན་འགྲུབ་ཡོང་བར་བྱིན་གྱིས་བརླབ་པའི་སྨོན་འདུན་ཞུ། ཞེས་འཁོད་ཡོད་པ་རེད།།
