སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ།
བཅས་ཁྱོན་མི་གྲངས་༣༡ འཛུལ་ཞུགས་བྱས་འདུག
ཕྱི་ཚེས་༡༧ ཉིན་ཝཱ་ཎར་ས་གནས་སུ་འབྱོར་སྐབས་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་དང༌། བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ། དེ་བཞིན་ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་སྡོད་གནས་དང་ཞལ་ལག་སོགས་གང་ཅིའི་ཐད་གོ་སྒྲིག་འཐུས་ཚང་བྱས་ཡོད་པ་རེད། ཝཱ་ཎ་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཀྱིས་ལམ་སྟོན་གོ་སྒྲིག་འོག་མི་ཚོགས་འཛོམས་སའི་ས་གནས་ཁག་ལ་དབྱིན་ཧིན་གཉིས་ཀྱི་ནང་འཁོད་པའི་དགོས་འདུན་གྱི་ཡིག་ཆ་ཁག་མང་པོ་ཞིག་སྐོར་བསྐྱོད་ཀྱི་སྒོ་ནས་བཀྲམ་སྟེ་བོད་དོན་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་དང༌། ཁོང་ཚོའི་དགོས་དམིགས་ནི་ྋགོང་ས་མཆོག་གིས་ཕྱི་ལོ་༡༩༨༧ ལོའི་ཟླ་བ་ ༩ ཚེས་༢༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བསྩལ་བས་ཞི་བའི་དོན་ཚན་ལྔ་ཡི་དགོངས་དོན་ཁག་གསུམ་སྟེ། བོད་ནང་ཡོད་པའིགཞིས་ལུས་རྒྱ་ཆེའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཡོད་པའི་ཐོག་ནས་དྲག་ལས་ཀྱི་རིགས་མགྱོགས་ནས་མྱུར་དུ་མཚམས་འཇོག་དགོས་རྒྱུ་དང༌། བོད་ཀྱི་རང་བཞིན་འབྱུང་ཁམས་ཀྱི་ཁོར་ཡུག་བཟང་པོའི་གནས་སྟངས་སྔར་སོར་ཆུད་ཐབས་དང༌། སྲུང་སྐྱོབ་དགོས་པའི་ཐོག་བོད་ནང་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང༌། རྡུལ་ཕྲན་གྱི་སྙིགས་རོ་རྣམས་ཕུང་གསོག་བྱེད་འཆར་བཅས་མཚམས་འཇོག་དགོས་རྒྱུ། དེ་བཞིན་རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱེད་པའི་རྒྱ་ནག་གི་སྲིད་བྱུས་དེའི་རྐྱེན་པས་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུ་བཅས་དང༌། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བདེ་ཐང་ཡིན་མིན་འཛམ་གླིང་མི་མང་གི་མདུན་དུ་གསལ་སྟོན་དང༌། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མགྱོགས་མྱུར་གློད་གྲོལ་དགོས་རྒྱུ་དེ་རེད།
བདེ་སྐྱིད་གླིང་ས་གཞོན་ཚོགས་གཙོ་ཡེ་ཤེས་མཐར་ཕྱིན་ལགས་ཀྱིས་གསུང་དོན་ལྟར་ན། མངའ་སྡེ་འདི་ནི་རྒྱ་གར་གྱི་མངའ་སྡེ་ཆེ་ཤོས་དང་མི་འབོར་མང་ཤོས་ཤིག་ཡིན་ན་ཡང༌། སེམས་ཕམ་པ་ཞིག་ལ་བོད་ཀྱི་གནད་དོན་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན། ད་རེས་དམིགས་བསལ་གྱི་མངའ་སྡེ་འདི་བདམས་ནས་འདི་གའི་མི་མང་ལ་བོད་ཀྱི་གནད་དོན་སྐོར་གསལ་རྟོགས་ཡོང་ཆེད་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཅེས་གསུངས་སོང། མཐའ་དོན་ཁོང་གིས་རྡེ་ར་རྡོན་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལ་དྭགས་པ་མཐུ་སྟོབས་གྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་འདིའི་ཆེད་ཕྱོགས་གང་ཅིའི་ཐད་ནས་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར། ཁོང་དང་ཁོང་གི་གྲོགས་པོ་རྒྱ་ཡུ་པེ་མངའ་སྡེ་ནང་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་ཚོགས་པའི་ཚོགས་མི་ཚང་མའི་བཀའ་དྲིན་ཡིན་ཞེས་འགྲེལ་བརྗོད་གནང་སོང༌། ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༠༨ ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཕྱོགས་སུ་བོད་དོན་སྐོར་བསྐྱོད་ཀྱི་ལས་འགུལ་དེ་མུ་མཐུད་ནས་བསྐྱོད་ཡོད་པ་རེད།།