མང་གཙོའི་ཚོགས་པས་བཏོན་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་མི།
དང་པོ་དེ་ཚོགས་ཆེན་རེད། དེ་རིང་གི་འགན་འཛིན་ལྷན་ཚོགས་སྐབས་སུ་བཀའ་བློན་ཁྲི་པ་སྐབས་གསུམ་པའི་འོས་བསྡུ་དང། སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་བསྡུ་གཉིས་ཀྱི་སྐོར་བགྲོ་གླེང་ཤུགས་ཆེ་ཤོས་བྱུང་བ་རེད། ས་གནས་འཐུས་མི་རྣམས་ཀྱིས་འགན་འཛིན་ལྷན་ཚོགས་མ་འཚོགས་པའི་སྔོན་དུ་ས་གནས་སོ་སོར་འགྲོ་གླེང་བྱས་ནས་མི་མང་གི་བསམ་ཚུལ་དང་འབྲེལ་བའི་བསམ་ཚུལ་ཡར་སྤུངས་ནས་ཆོལ་ཁ་སོ་སོའི་སྤྱི་འཐུས་ཀྱི་འོས་མི་བཅོ་ལྔ་རེ་དང། བཀའ་བློན་ཁྲི་པའི་འོས་མི་གསུམ་བཏོན་ཡོད་པ་རེད། མུ་མཐུད་གསུང་དོན། དེ་སྔོན་མང་གཙོ་ཚོགས་པའི་ངོས་ནས་སྤྱི་འཐུས་ཀྱི་འོས་མི་ཁྱབ་བསྒྲགས་བྱས་པ་རེད། དེའི་ཐད་འགྲོ་སོང་ཡང་བཏང་བ་རེད། འོན་ཀྱང་ཞབས་སྟེགས་སྒང་ལ་ཕེབས་ཚར་དུས་མང་གཙོ་ཚོགས་པ་དང་འབྲེལ་བ་མེད་པ་ལྟ་བུ་ཆགས་འགྲོ་ཡི་འདུག དེར་བརྟེན་ང་ཚོས་ཆ་རྐྱེན་གཉིས་བཏོན་ཡོད། གཅིག་ནི་གྲོས་ཚོགས་ཀྱི་ནང་དུ་མང་གཙོའི་ལམ་ལུགས་དང་འཕེལ་རིམ་གྱི་ཐོག་ལ་གྲོས་ཆོད་ག་འདྲ་བཞག་ཀྱང་རྒྱབ་སྐྱོར་བྱེད་དགོས་པ་དང། གཉིས་པ་ནི་མ་འོངས་པར་མང་གཙོ་ཚོགས་པའི་ངོས་ནས་བཏོན་པའི་སྤྱི་འཐུས་ཀྱི་འོས་མི་རྣམས་སྐབས་རེ་མང་གཙོ་ཚོགས་པས་ཚོགས་འདུ་བསྡུ་སྐོང་དེ་འདྲ་བྱེད་པའི་སྐབས་སུ་ཕེབས་དགོས་ཀྱི་རེད་ཅེས་པ་དེ་གཉིས་རེད། དེ་ནི་ད་ལྟ་བར་མང་གཙོ་ཚོགས་པའི་ནང་གི་གནད་དོན་གསར་པ་ཞིག་རེད། དེའི་ཐད་ང་ཚོས་བཏོན་པའི་འོས་མ་ིརྣམས་ལ་སྐད་ཆ་དྲིས་ནས་ཆ་རྐྱེན་དེ་གཉིས་ཁས་ལེན་གྱི་འདུག་མི་འདུག་ལྟ་རྒྱུ་རེད། དེ་བཞིན་མང་གཙོ་ཚོགས་པས་བཏོན་པའི་བཀའ་ཁྲིའི་འོས་མི་དེ་ས་ཆ་ག་པར་ཡོད་ཀྱང། གདན་འདྲེན་ཞུས་ནས་གཞིས་ཆགས་ཁག་དང་བོད་མི་མང་པོ་ཡོད་སར་གཏམ་བཤད་སྤེལ་བཅུག་ནས་སོ་སོའི་བསམ་ཚུལ་ཤོད་པའི་གོ་སྐབས་སྤྲད་ན་ཡག་པོ་འདུག་ཅེས་ཐག་གཅོད་བྱུང་བ་རེད་ཅེས་དང། དེ་སྔོན་དང་མི་འདྲ་བར་བརྙན་འཕྲིན་འོད་སྡེར་བརྒྱུད་ནས་ཁྱབ་བསྒྲགས་བྱེད་པ་སོགས་དྲིལ་བསྒྲགས་རྒྱ་གང་ཆེ་བྱེད་རྒྱུ་ཡིན། དེའི་ཐད་འགྲོ་སོང་མ་འདང་བ་བྱུང་ན་སློང་མོ་བྱེད་དགོས་བྱུང་ནའང་ལས་དོན་དེ་འགྲུབ་པ་བྱེད་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་བྱུང། མང་གཙོ་ཚོགས་པས་བཏོན་པའི་སྤྱི་འཐུས་ཀྱི་འོས་མི་རྣམས་ཕྱི་ཟླ་ལྔ་པའི་ནང་དུ་དངོས་སུ་དྲིལ་བསྒྲགས་བྱེད་རྒྱུའི་ལས་འགོ་བརྩམས་རྒྱུ་ཡིན་པ་རེད་འདུག ། མང་གཙོ་ཚོགས་པས་བཏོན་པའི་བཀའ་བློན་ཁྲི་པའི་འོས་མི་གཤམ་གསལ། མཁས་དབང་བློ་བཟང་སེང་གེ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀའ་ཟུར་བཀྲ་ཤིས་དབང་འདུས། མང་གཙོ་ཚོགས་པས་བཏོན་པའི་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཀྱི་འོས་མི་གཤམ་གསལ། མདོ་སྟོད་སྤྱི་འཐུས། ༡ བཀའ་ཁྲི་ལས་ཐོག་ཟམ་གདོང་བློ་བཟང་བསྟན་འཛིན། ༢ སྤྱི་འཐུས་ཚོགས་གཞོན་ལས་ཐོག་རྒྱ་རི་སྒྲོལ་མ། ༣ སྤྱི་འཐུས་ལས་ཐོག་དང་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས། ༤ གཞོན་ལྷན་གྱི་དབུས་དྲུང་ཆེ་དོན་གྲུབ་ལྷ་དར། ༥ སྤྱི་འཐུས་ལས་ཐོག་འབའ་པ་སྐལ་བཟང་རྒྱལ་མཚན། ༦ དབུས་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས། ༧ སྤྱི་འཐུས་ལས་ཐོག་ཆོས་སྐྱོང་དབང་ཕྱུག ༨ བོད་ཀྱི་བང་ཆེན་གསར་འགོད་པ་གངས་ལྷ་མོ། ༩ སྤྱི་འཐུས་ལས་ཐོག་དབུ་དཀར་ཚང་གཡུ་སྒྲོན། ༡༠ བོད་ཀྱི་དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར། ༡༡ གཞོན་ནུའི་དབུས་རྒྱུན་དཀོན་མཆོག་ཡར་འཕེལ། ༡༢ སྤྱི་ཟུར་པདྨ་བདེ་ལེགས། ༡༣ སྤྱི་འཐུས་ལས་ཐོག་བདེ་བ་ཚང་རྡོ་རྗེ་དབང་འདུས། ༡༤ རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། ༡༥ རྩོམ་པ་པོ་སེར་སྨད་བློ་དགའ། མདོ་སྨད་སྤྱི་འཐུས། ༡ སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང། ༢ ཆེད་ལས་ཉམས་ཞིབ་པ་ཀླུ་མཁར་བྱམས། ༣ སྤྱི་འཐུས་ལས་ཐོག་བསྟན་འཛིན་མགོན་པོ། ༤ སྤྱི་འཐུས་ལས་ཐོག་ཚེ་རིང་གཡུ་སྒྲོན། ༥ བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། ༦ ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན། ༧ སྤྱི་འཐུས་ལས་ཐོག་རྒྱལ་རོང་ཟླ་བ་ཚེ་རིང། ༨ འོད་དཀར་དྲ་ཚིགས་འགན་འཛིན་ཤིང་བཟའ་རིན་པོ་ཆེ། ༩ གངས་ལྗོངས་ཕོ་ཉའི་དྲ་ཚིགས་འགན་འཛིན་རྨོག་རུ་བསྟན་པ། ༡༠ རྩོམ་པ་པོ་མཁན་པོ་འཇུ་བསྟན་སྐྱོང། ༡༡ སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ། ༡༢ ཤེས་རིག་བཀའ་བློན་ལས་ཐོག་ཐུབ་བསྟན་ལུང་རིགས། ༡༣ ཆེད་ལས་རྩོམ་པ་པོ་གཟུངས་ཕྱུག་སྐྱིད། ༡༤ སྤྱི་ཟུར་བློ་བཟང་སྙན་གྲགས། ༡༥ སྤྱི་འཐུས་ལས་ཐོག་ཆབ་བྲག་ལྷ་མོ་སྐྱབས། དབུས་གཙང་སྤྱི་འཐུས། ༡ སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས། ༢ མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང། ༣ སྤྱི་འཐུས་ལས་ཐོག་ཟླ་བ་ཕུན་སྐྱིད། ༤ དབུས་བུད་མེད་ཚོགས་གཙོ་ཟུར་པ་བུ་མོ་ཚེ་རིང། ༥ སྤྱི་འཐུས་ལས་ཐོག་སྒྲོལ་མ་ཚེ་རིང། ༦ བལ་ཡུལ་སྤོག་ར་ནས་ཡིན་པ་བསོད་ནམས་བཟང་པོ། ༧ ཆེད་ལས་ཉམས་ཞིབ་པ་འཇམ་དབྱངས་རྡོ་རྗེ། ༨ མང་གཙོ་ཚོགས་པའི་དྲུང་ཆེ་དབུས་ཕྲུག་ཚེ་རིང། ༩ སྤྱི་འཐུས་ལས་ཐོག་ཚེ་བརྟན་ནོར་བུ། ༡༠ སྤྱི་འཐུས་ལས་ཐོག་རྒྱལ་ནོར་ཚེ་དབང། ༡༡ གཞོན་ནུའི་དབུས་རྒྱུན་ཟུར་པ་ཤེས་རབ་འོད་ཟེར། ༡༢ སྤྱི་འཐུས་ལས་ཐོག་ཡེ་ཤེས་ཕུན་ཚོགས། ༡༣ ཁྲིམས་རྩོད་པ་པ་སངས་ཚེ་དབང། ༡༤ དགེ་རྒན་ཆེན་མོ་བ་ཐར་ལམ་སྒྲོལ་མ། ༡༥ སྤྱི་འཐུས་ལས་ཐོག་ངག་དབང་ལྷ་མོ། {jcomments on}