ཨ་རིའི་སྲིད་འཛིན་ཟུར་པ་སྦུ་ཞིའི་ད་ལྟའི་འཚོ་བ།
གནས་ཚུལ་དེའི་ཐོག་ནས་རྒྱ་ནག་གི་དྲ་གྲོགས་མང་ཆེར་གྱིས་ཨ་རི་རྒྱལ་ཁབ་ལ་སྨོན་སེམས་མཚོན་པ་དང༌། དེ་ནི་ཨ་རིའི་རྒྱལ་ཁབ་ཀྱི་ལམ་ལུགས་བཟང་པོ་ཞིག་ཏུ་ངོས་འཛིན་ཞིང༌། སྲིད་འཛིན་ཟུར་པ་ཞིག་རྒས་ཡོལ་ཟིན་རྗེས་དཀྱུས་མ་མིའི་ལས་དོན་ལ་ཞུགས་པ་དེ་འདྲའི་གནས་སྟངས་ཤིག་རྒྱ་ནག་ལ་ཡོང་མི་སྲིད་པར་བརྗོད་མཁན་མང་པོ་བྱུང་ཡོད་པ་རེད།
རྩོམ་ཐུང་དེའི་ནང་ཨ་རིའི་སྲིད་འཛིན་ཟུར་པ་སྦུ་ཞིའི་བཟའ་ཟླས་ཁོང་ཁྲོམ་གཞུང་དུ་ཅ་ དངོས་ཉོ་ཚོང་དུ་མངགས་པ་དང༌། ཐེངས་འདིར་ཡང་གློག་རྡུལ་རྫས་རིགས་ཉོ་བར་མངག་ཅིང༌། ཉིན་དེར་ཁོང་གིས་ཆེས་སྤྱི་བཏང་གི་རྒྱུན་གྱོན་ཆས་གོས་གྱོན་ཡོད་སྟབས། ཚོང་ཁང་བདག་པོ་དེས་ཁོང་ངོ་ཤེས་ཐུབ་མེད་ཀྱང༌། ཁོང་ལ་ཁྱོད་རང་དེ་སྔོན་ང་ཚོའི་སྲིད་འཛིན་སྦུ་ཞི་ཁོང་འདྲ་པོ་འདུག་ཟེར་མཁན་དེ་འདྲ་མ་བྱུང་ངམ་། ཞེས་དྲིས་སྐད། སྲིད་འཛིན་ཟུར་པ་ཁོང་མཚམས་རེར་ཁྱི་འཁྲིད་དེ་གྲོང་ཁུལ་དུ་འཁྱམ་འཁྱམ་དུ་འགྲོ་ བ་དང༌། ཡང་ན་ཁྱི་ལྟོ་ཉོ་བར་འགྲོ་བ་སོགས་གནང་གི་ཡོད་པ་རེད་།
གྲོང་ཁྱེར་གཅིག་གི་ཚོང་ཁང་བདག་པོས་ཀྱང་ཚགས་པར་ཐོག་སྲིད་ཟུར་སྦུ་ཞི་སོ་སོའི་ཚོང་ཁང་ནང་ ལས་འཇུག་ཡོང་བའི་རེ་འདུན་ཤུགས་ཆེར་ཡོད་སྐོར་བཀོད་དེ་སྲིད་འཛིན་ཟུར་པ་ཁོང་ལ་ རྩེད་མོའང་བྱས་ཡོད་འདུག
འོན་ཀྱང་གནས་ཚུལ་དེར་བརྟེན་། སྲིད་འཛིན་ཟུར་པ་ཁོང་ཉིན་གཅིག་དངོས་གནས་ཚོང་ཁང་དེར་སླེབས་ཅིང་། ནང་དུ་འཛུལ་མ་ཐག་ངས་ལས་ཀ་གཅིག་འཚོལ་བསམ་གྱི་འདུག་ཅེས་གསུང་ཡོད་སྐད།
ཨ་རིའི་སྲིད་འཛིན་ཟུར་པ་ཁོང་རང་གི་འཚོ་བ་དེར་ཤིན་ཏུ་བསྙེས་པོ་གནང་བ་མ་ཟད། ཉེ་དུས་ཁོང་གིས་ཨ་རིའི་ཚགས་དེབ་ཅིག་གི་བཅའ་འདྲིར་དང་ལེན་ཞུས་སྐབས། ང་རང་ཏེ་ཁེ་ས་སྲི་གྲོང་ཁྱེར་འདི་ལ་དགའ་པོ་ཡོད། ང་རང་གི་བཟའ་ཟླ་ཁོང་ལ་དགའ་པོ་ཡོད། རྒྱལ་ཁབ་བདེ་འཇགས་ཀྱི་སྙན་ཞུ་སྐོར་སེམས་འཁུར་བྱེད་དགོས་ཀྱི་མེད་སྟབས། ང་རང་ཧ་ཅང་སྤྲོ་པོ་འདུག་ཅེས་གསུངས་ཡོད་པ་རེད།
བརྩེ་བའི་དྲ་གྲོགས་རྣམས་ལ་ཞུ་རྒྱུ།གང་ཡིན་མི་ཤེས།ང་ནི་གནས་ཚུལ་ཆུང་ཆུང་དེར་སེམས་འགུལ་ཤུགས་ཆེར་ཐེབས་ཅིང༌། བློའི་ཕུག་ཏུ་ཡིད་འགུལ་གྱི་མི་ཆུའང་ཤོར་བཅུག་སོང༌།
གོང་གསལ་ཨ་རིའི་རྒྱལ་ཁབ་དུ་བྱུང་བའི་གནས་ཚུལ་སྤྱི་བཏང་བ་དེར་རྒྱ་ནག་སྐམ་ས་ཆེན་ མོའི་མི་དམངས་རྣམས་ཀྱིས་དེ་ལྟར་ཧ་ལས་ལས་དང་ཧོན་ཐོར་ཐོར་གྱིས་བསམ་ཚུལ་མི་ འདྲ་བ་ཧ་ཅང་མང་པོ་སྤེལ་འདུག སྤུན་ཟླ་ཁྱེད་ཚོར་ཨ་རིའི་སྲིད་འཛིན་ཟུར་པའམ་མི་སྣ་གྲགས་ཅན་ཁོང་གི་བྱ་སྤྱོད་ ཐད་བསམ་ཚུལ་ག་རེ་ཡོད་དམ། ཡང་ན་དེར་ཡ་མཚན་རྒྱུ་གང་ཡང་མེད་པར་དགོངས་ཀྱི་ཡོད་དམ།
