རྒྱ་ནག་གི་གཏེར་ཁ་སྔོག་འདོན་པའི་ཉེན་ཁ།
དེ་ཡང་ཟླ་འདིའི་ཚེས་༥ ཉིན་པེ་ཅིང་ནས་བྷི་བྷི་སིའི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཧྲང་ཤིན་ས་ཁུལ་དུ་རྒྱ་ནག་གི་བཟོ་གྲྭ་ཁག་གིས་རྡོ་སོལ་གྱི་གཏེར་ཁ་ཚད་ལས་བརྒལ་བ་སྔོག་འདོན་བྱེད་ཀྱི་ཡོད་པ་དང། དེ་བཞིན་སྔོག་འདོན་བྱེད་སའི་ས་ོག་སྦུབ་ལམ་ནང་། དང་ཐོག་ཐིགས་པ་མང་པོ་བརྒྱབ་ཡོད་རུང་གཙོ་སྐྱོང་བ་ཚོས་དོ་སྣང་བྱས་མེད་པ་དང། དེ་ནས་གློ་བུར་སྦུབ་ལམ་རྡིབ་ནས་མི་མང་པོ་རྐྱེན་ལམ་དུ་བཏང་ཡོད་པས། དེང་སྐབས་འཛམ་གླིང་ནང་གཏེར་ཁ་སྔོག་འདོན་པ་བསད་པ་མང་ཤོས་དང་བདེ་འཇགས་སྐྱོ་ཤོས་རྒྱ་ནག་ཆགས་ཡོད་པ་རེད། རྒྱལ་ཁབ་གཞན་པ་དང་རྒྱ་ནག་མཉམ་འབྲེལ་བྱེད་པའི་སྐབས་སུའང་། རྒྱ་ནག་གིས་འཆར་འགོད་བྱས་པའི་ས་འོག་སྦུབ་ལམ་གྱིས་མི་མང་པོ་རྐྱེན་ལམ་དུ་བཏང་མྱོང་ཡོད་འདུག
དེ་བཞིན་གསར་འགྱུར་དབྱེ་ཞིབ་པ་ཚོས། རྒྱ་ནག་དམར་ཕྱོགས་ཚོགས་པས་སྲིད་དབང་བཟུང་ནས་ད་ལྟའི་བར། གཏེར་ཁ་སྔོག་འདོན་པ་འཆི་སྐྱོན་བཏང་བའི་སྐོར་ཟིན་བྲིས་སྤེལ་བ་ལྟར་ན། ཕྱི་ལོ་༡༩༦༠ ཟླ་བ་༥ པའི་ནང་ཧྲང་ཤིན་ས་ཁུལ་དུ་མི་གྲངས་༦༨༤ རྐྱེན་ལམ་དུ་བཏང་ཡོད་པ་དང། ༢༠༠༠ ཟླ་བ་༩ པའི་ནང་གོའི་ཊོའི་ས་ཁུལ་དུ་མི་གྲངས་༡༦༢ ། ༢༠༠༤ ཟླ་བ་༡༡ པའི་ཧྲང་ཤིན་ས་ཁུལ་དུ་མི་གྲངས་༡༦༦ ། ༢༠༠༥ ཟླ་བ་༢ པའི་ནང་ལའོ་ནིན་ས་ཁུལ་དུ་མི་གྲངས་༢༡༠ ། ༢༠༠༥ ཟླ་བ་༡༡ པའི་ནང་ཧཱ་ལོན་ཇིན་ས་ཁུལ་དུ་མི་གྲངས་༡༧༡ ། ༢༠༠༧ ཟླ་བ་༨ པའི་ནང་ཧྲན་ཌོན་ས་ཁུལ་དུ་མི་གྲངས་༡༨༡ ། ༢༠༠༧ ཟླ་བ་༡༢ པའི་ནང་ཧྲང་ཤིན་༡༠༥ ། ༢༠༠༩ ཟླ་བ་༡༢ པའི་ནང་ཧཱ་ལོན་ཇིན་ས་ཁུལ་དུ་མི་གྲངས་༡༠༨ རྐྱེན་ལམ་དུ་བཏང་ཡོད་པ་རེད་ཅེས། རྒྱ་ནག་གི་གཏེར་ཁ་སྔོག་འདོན་པ་རྐྱེན་ལམ་དུ་བཏང་བའི་གྲངས་ཚད་དང། འཛམ་གླིང་ནང་གཏེར་ཁ་སྔོག་འདོན་པའི་བདེ་འཇགས་སྐྱོ་ཤོས་ཡིན་སྐོར་གྱི་གནས་ཚུལ་སྤེལ་འདུག།།
