བོད་རྒྱ་འབྲེལ་མཐུན་སྐོར་གྱི་ཤོག་བྱང་ཞིག

དཀྱིལ་དུ་སེར་ཞྭ་གྱོན་པའི་རབ་བྱུང་གཉིས་ཀྱིས་ས་སྟིང་ཐོག་རྒྱང་གླིང་བཙུགས་ནས་འབུད་བཞིན་པའི་དཔར་ཤོག་ཅིག་མཐོང་ལ་། དེའི་ཐོག་རྒྱ་ཡིག་གི་ཚིག་དུམ་འདི་བྲིས་འདུག་པས། སྒྲོག་ཙེའི་ཟུར་ཞིག་ནས་བསྡད་དེ་ཕབ་སྒྱུར་བྱས་པ་ཡིན།

དེ་ མིན་རྒྱ་གར་བ་དང་བོད་པ་འགའ་རིམ་གྱིས་ཚོགས་རྭར་འཛུལ་ཡོང་བ་མཐོང་དུས། ནང་དུ་འཛུལ་རྗེས་ཟུར་ཞིག་ནས་གཙོ་བོ་ཟམ་གདོང་རིན་པོ་ཆེས་གསུང་ལ་ཉན་དགོས་བསམ་ ཡང༌། གཞོན་ལྷན་གྱི་ལས་བྱེད་ཡིན་ཚོད་ཅིག་གིས་འདི་ནི་ནང་ཁུལ་གྱི་ཚོགས་འདུ་ཡིན་ ཞིང༌། ཕྱི་ལ་གསར་འགོད་སྤེལ་རྩིས་མེད་སྐོར་བརྗོད་བྱུང༌། དེ་ནས་ཕྱིར་དོན་ནས་དེ་སྔོན་ཡང་གསར་འགོད་པར་སྡང་གཟུགས་སྐྱེ་བའི་དོན་འགར་ སེམས་ནང་སྣང་རྟོགས་འཁོར་སྟབས་བོད་མི་གཞན་གཉིས་ལ་མ་རངས་པའི་རྣམ་འགྱུར་ཐོག་ ནས་འདི་ཡང་ཕྱིར་སྤེལ་རྩིས་མེད་པའི་ནག་སྦུགས་ཀྱི་ཚོགས་འདུ་མིན་ནམ་བཅས་ཀྱིས་ ཀུ་རེ་ཡང་རྩེས་པ་ཡིན། དེ་ནས་ཕ་རོལ་པོ་དེ་དོགས་མ་བདེ་བའི་སྒོ་ནས་གཞན་གཙོ་སྐྱོང་བར་ཞུ་ན་འགྲིག་ཚུལ་ གསུང་ཞིང༌། ཁོང་རང་དེར་བཅར་ནས་གཅིག་དྲིས་སོང་ཡང༌། ང་རང་ཕྱིར་དོན་ནས་ལས་ཁང་དུ་འབྱོར་རྗེས་ཡིག་ཕྲེང་འདི་དག་དྲ་གྲོགས་རྣམས་ཀྱི་ སྤྱན་ལམ་དུ་སྤེལ་བ་ཡིན།

 

ཤོག་བྱང་གི་རྩོམ་དངོས་གཤམ་གསལ།


གྲོགས་པོ་རྣམ་པ།

ཁྱེད་ རང་ཚོས་ཤོག་བྱང་ཐོག་མཛེས་སྡུག་ལྡན་པའི་དཔར་རིས་འདིར་དགའ་པོ་ཡོང་བའི་རེ་བ་ ཡོད། འདི་ནི་བོད་ལ་སེམས་ཁུར་དང༌། རྒྱ་བོད་འབྲེལ་བར་སེམས་ཁུར་ཡོད་མཁན་རྒྱལ་ཁབ་ཀྱི་མི་རྣམས་ནས་སྤེལ་བ་ཞིག་ཡིན། བློ་ཕམ་པ་ཞིག་ལ་དེང་རྒྱ་བོད་དབར་གྱི་འབྲེལ་བར་ཁོང་ཁྲོ་དང་སྐྱིད་སྣང་གཏོར་ མཁན་ཞིག་གིས་འབག་བཙོག་བཟོས་ཡོད་པ་རེད། ང་ཚོས་ཁྱེད་རྣམ་པས་ཤོག་བྱང་འདིའི་ཐོག་གི་ཡི་གེ་དེ་དག་བཀླགས་ནས་ང་ཚོས་རྒྱ་ བོད་མི་མང་དབར་མཛའ་མཐུན་དང་བསམ་ཤེས་གང་འདྲ་ཡོང་མིན་ཐད་བསམ་གཞིགས་ཡོང་རེ་ ཡིན། མདུན་སྐྱོད་ཀྱི་གོམས་ཆུང་ཞིག་སྤོ་ཐབས་ཕྱིར་ང་ཚོའི་ངོ་ནས་གཤམ་འོག་གི་དོན་ཚན་ གསུམ་ཙམ་དག་འདོན་བཟོ་འདོད་ཡོད།


བོད་ མི་རིགས་མི་མང་དང་བོད་ལ་རྒྱབ་སྐྱོར་བྱེད་མཁན་མི་རྣམས་ནས་རྒྱ་ནག་མི་མང་ལ་ངོ་ རྒོལ་བྱེད་ཀྱི་མེད། ང་ཚོས་རྒྱ་ནགི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིགཞུང་ལ་དད་སྨོན་ཡོད། དེ་བཞིན་དེང་སྐབས་ཀྱི་ལོ་ཤས་རིང་རྒྱ་ནག་ཏུ་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ གཉིས་ཐད་ནས་ཡར་རྒྱས་བྱུང་ཡོད་པ་རེད། འོན་ཀྱང་སྲིད་གཞུང་གང་རུང་གི་ངོས་ནས་ཡུལ་དམངས་ཀྱི་ཁེ་དབང་ཚད་བཀག་དང་མི་མང་ ངོས་ནས་སྨྲ་བརྗོད་ལ་ཞེད་སྣང་སྐྱེ་གཞིའི་སྲིད་ཇུས་དེ་དག་ལ་ངོ་རྒོལ་ཡོད།


བོད་མི་རིགས་རྣམས་ཀྱི་རྒྱ་ནག་གིས་བོད་དུ་དཔལ་འབྱོར་རོགས་སྐྱོར་ཐད་དགའ་གུས་བྱེད་ཀྱི་མེད། ཚང་མས་འགྱུར་ལྡོག་དེ་མཐོང་ཐུབ་པ་རེད་། ཡིན་ཡང་འགྱུར་བ་དེ་དག་གི་ངོས་ལ་རྒྱ་ནག་གི་ཁྱད་ཆོས་ལྡན་ཡོད་པ་དང༌། བོད་མི་དམངས་ཚོས་སོ་སོའི་རིག་གཞུང་དང་ཁོར་ཡུག་དེ་དག་འཕེལ་རྒྱས་ཀྱི་ཐབས་ལམ་ཐོག་ནས་མཚོན་ཐབས་ཡོང་བར་མཐོང་འདོད་ཡོད་པ་རེད།

ཏྰ་ལའི་བླ་མས་རྒྱ་ནག་ཁ་བྲལ་གཏོང་རྩིས་མེད།


1988ལོ་ ནས་བཟུང༌། ཏྰ་ལའི་བླ་མས་ཡང་ནས་སྐྱར་དུ་བོད་རང་སྐྱོང་དགོས་འདུན་བཏོན་བ་ལས་རང་བཙན་རྩོད་ ཀྱི་མེད་སྐོར་གསུངས་པ་དང༌། ཁོང་གི་རྒྱ་ནག་སྲིད་གཞུང་ལ་རྒྱ་ནག་དང་བོད་དབར་གྱི་རྒྱུན་རིང་དགོས་མཁོ་དང་ འཚམས་པའི་ཐབས་ལམ་ཞིག་འཚོལ་ཕྱིར་འབད་བརྩོན་གནང་གི་ཡོད། ང་ཚོས་ངོས་ནས་རྒྱ་ནག་སྲིད་གཞུང་གིས་ཁོང་ལ་ཡིད་ཆེས་མེད་པའི་རྒྱུ་མཚན་ག་རེ་ ཡིན་མིན་རྟོགས་ཀྱི་མེད། ད་དུང་མི་རྣམས་ཧོན་ཐོར་དགོས་པའི་ཕོག་ཐུག་རང་བཞིན་གྱི་སྐད་ཆས་ཁོང་ལ་ཁ་རྡུང་ གཏོང་དགོས་པའི་རྒྱུ་མཚན་ཡང་ཤེས་ཀྱི་མེད། གལ་ཏེ་ང་ཚོར་བཟང་པོའི་འདུན་པ་ཡོད་པ་དང༌། བཟོད་བསྲན་དང་བརྩི་མཐོང་། དེ་མིན་བོད་རྒྱ་མི་རིགས་གཉིས་དབར་ཞི་བདེ་དང་མཛའ་མཐུན་གྱི་འབྲེལ་བ་གཟུག་ཐུབ་ ཀྱི་ཡོད་པ་རེད།


རྒྱ་ བོད་མཛའ་མཐུན་ཕྱིར་ཧུར་བརྩོན་ངང་བྱ་བར་འཇུག་བཞིན་པའི་རྒྱ་ནག་གི་མཁས་པ་ཚུད་ པའི་ཁོང་རྣམ་པའི་བསམ་བློའི་སྐོར་དྲ་ལམ་འདི་ནས་མཐོང་ཐུབ་པ་ཡིན།

ཐུགས་རྗེ་ཆེ། ཁྱེད་ལ་སྨོན་འདུན་ཞུ།


དྲ་ལམ་ཁ་བྱང༌། www.chinatibetfriendship.org