ང་ཚོས་ཀ་རྩོམ་ཡག་པོ་ཇི་ལྟར་འབྲི་ཐུབ་བམ།

ང་ཚོ་ཀློག་པ་པོའི་མིག་མདུན་དུ་བཤམས་ཡོད་པའང་དེ་ཙམ་ལས་དམིགས་བསལ་གྱི་ཚོར་འདུ་དང་གསོན་ཉམས་ལྡན་པའི་སྒྱུ་རྩལ་བྲོ་བ་གང་ཡང་ཉམས་སུ་མྱོང་མི་ཐུབ། འོན་ཀྱང་སྤྱིར་སྒྱུ་རྩལ་གྱིས་ཕྱུགས་པའི་ཀ་རྩོམ་ཞིག་འབྲི་དགོས་ན་དེ་ལྟ་བུའི་ཁྱད་ཆོས་ཚང་དགོས་ཞེས་པའི་དོན་ཡིན་གྱི་ཀ་རྩོམ་བྲིས་པ་ཐམས་ཅད་ལ་དེ་ལྟ་བུའི་ཁྱད་ཆོས་ལྡན་ག་ལ་དགོས། ཁྱད་པར་དུ་གསར་རྩོམ་གྱི་ལས་ལ་ཐོག་མར་འཇུག་མཁན་ཞིག་ཡིན་ན་དེ་ལས་ཀྱང་ཁག་པ་བཤད་མ་དགོས། ཐོག་མར་འབྲི་སྦྱོང་སྐབས་ནས་ཀ་རྩོམ་ཡག་པོ་ཞིག་འབྲི་ཐུབ་རྒྱུ་ནི་ཧ་ཅང་དཀའ་བས་ཐོག་མར་གོང་གི་ཀ་རྩོམ་དེ་བཞིན་གོ་ཇི་བདེའི་ལམ་ལས་རང་གི་གང་ཞིག་འབྲི་བར་འདོད་པའི་བརྗོད་བྱ་དེ་ཇི་བཞིན་ཚིག་གི་འབྲི་ཐབས་སྟབས་བདེས་ངང་བྲི་བར་གོམས་ན་རིམ་བཞིན་གོམ་གང་མདུན་སྤོས་ཀྱིས་གང་ཞིག་གབ་ནས་བསྟན་དགོས་པ་དང་ཅི་ཞིག་དངོས་སུ་སྨྲ་དགོས་པ་སོགས་མདོར་ན་ཚིག་དོན་གང་རུང་གི་སྒྱུ་རྩལ་གྱི་རྣམ་པ་ཇེ་ཡག་ནས་ཇེ་མཛེས་ཀྱི་ཕྱོགས་སུ་འཁྲིད་ཐུབ།   གཤམ་དུ་ལབ་ཙེ་བསྟོད་པའམ་མཆོད་པ་ལྟ་བུའི་རྣམ་པ་མངོན་པའི་ཀ་རྩོམ་དཔེ་མཚོན་ཤོ་ལོ་གཅིག་བཀོད་ན།