ས་གནས་ཁག་ནས་བསྔོ་སྨོན་མཆོད་འབུལ།

དེ་ཡང་རྒྱ་གར་བྱང་ཤར་ཁུལ་གྱི་ཀ་ལིམ་པོང་དང༌། སྒང་ཏོག་ཁུལ་དུ་ཆོལ་ཁ་གསུམ་གྱི་ཚོགས་པ་དང༌། ས་གནས་གཞོན་ནུ་དང་ས་གནས་བུད་མེད་སོགས་ཀྱིས་གཙོ་བོ་འགན་ཁུར་ནས་བླ་མ་དང་གྲྭ་པ་གདན་ཞུས་ཀྱིས་བསྔོ་བ་སྨོན་ལམ་དང༌། མཆོད་མེ་རྒྱུན་ཆད་མེད་པར་སྒྲོན་ནས་འབྱུང་བའི་གོད་ཆག་ཁྲོད་གཞིས་ལུས་རྒྱ་ཆེའི་མི་མང་མང་པོ་ཞིག་གི་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཧ་ཅང་ཆེན་པོ་ཕོག་པར་བརྟེན། བྱེས་ཀྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་གཞིས་ཀྱི་སྤུན་ཟླར་བཅངས་པའི་བརྩེ་སེམས་མཚོན་ཐབས་བྱེད་བཞིན་ཡོད་པ་རེད། དེ་བཞིན་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བོད་མི་རྣམས་ཀྱིས་གནམ་གཤིས་ཚ་བ་ཆེན་པོ་ཡོད་པར་མ་ལྟོས་པར། ཉིན་ལྟར་བསྔོ་སྨོན་དང༌། མཆོད་མེ་ཁྲི་ཕྲག་བརྒལ་བ་འབུལ་བཞིན་པ་དང༌། མཆོད་མེའི་ཞལ་འདེབས་བྱུང་བ་རྣམས་ཉིན་རེ་བཞིན་རྒྱང་བསྒྲགས་བརྒྱུད་སྒྲོགས་སྦྱང་གིས་ས་ཡོམ་གྱི་གནོད་འཚེའི་ཁྲོད་ཚེ་སྲོག་ཤོར་བ་དང༌། དྭ་ཕྲུག་ཏུ་ལུས་པ། སྡོད་ཁང་མེད་པར་གྱུར་པའི་བྱེས་ཀྱི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཐབས་བྱེད་བཞིན་འདུག ། ལྡི་ལི་ནས་འདི་གའི་གསར་འགོད་པས།