ཀྱེ་མ་ཡུལ་ཤུལ་སེམས་མ་སྐྱོ།

ས་མཐའ་ནས་ཅི་ཞིག་བསམ་ཡང
གང་ལ་ཡང་མི་སྙོབས་པའི་ལག་རྡུམ་འདི
ཅི་འདྲའི་སེམས་གནོད་པོ་ཞིག་རེད
སྐྱི་གཡའ་བའི་ས་འགུལ་འདིས
ལུས་སེམས་ཀྱི་བདེ་སྐྱིད་གཏོར་སོང་ནའང
འབྱུང་བཞིས་བཅོམ་མི་ཐུབ་པའི་སེམས་འཁུར་འདི
སྒ་སྐྱེ་རྒུ་མདོ་བའི་འཆི་གསོན་གཉིས་ལ་འཁོར་བཞིན་ཡོད།