མོན་གྷོ་རུ་མང་གཙོའི་ཟབ་སྦྱོང་།
སླེབས་ལ་ཉེ་བའི་བཀའ་སྤྱི་གཉིས་འོས་འདེམས་བྱེད་ཕྱོགས་དེ་ནི་བོད་རྒྱ་ཆེའི་མི་མང་མི་རེ་ངོ་རེ་ནས་རང་འགན་རང་ཁུར་གྱི་ཐོག་རང་ཐག་རང་གཅོད་སྒོ་ནས་༧གོང་ས་མཆོག་གིས་གསོལ་རས་གནང་བཞག་པའི་མང་གཙོའི་རང་ལུགས་ཀྱི་ཁེ་དབང་ལོངས་སུ་སྤྱད་དེ་རང་གི་རྩ་ཆེའི་འོས་ཤོག་དེ་ནོར་འཛོལ་མེད་པར་འོས་འཕེན་གྱི་བརྒྱ་ཆ་མཐོ་པོར་སླེབས་ཐབས་ལ་འབད་བརྩོན་བྱེད་དགོས་པ་དང་། ལྷག་དོན་གཞན་གྱི་མགོ་གཡོག་མགོ་སྐོར་འོག་ཏུ་མ་འགྲོ་བའི་ཐོག་འོས་བསྡུའི་ཆ་ཤས་གཙང་ལེན་དགོས་མ་ཟད། ༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་དང་མི་མང་གི་ངོ་ཚབ་མཚོན་ཐུབ་ངེས་ཅན་གྱི་བཀའ་ཁྲི་ཞིག་འོས་འདེམས་ཐུབ་ཐབས་ལ་ང་ཚོ་ཚང་མས་འཕྱར་གྲུ་མཉམ་འདེགས་དང་། འབད་བརྩོན་ལྷོད་མེད་བྱེད་དགོས་པ་དེ་བས་ཀྱང་གལ་ཆེན་དོན་ཆེན་དུ་བརྩི་དགོས་པ་ཞིག་དང། གཞན་ཡང་འོས་ཤོག་བླུག་སྟངས་དང་དེབ་བཀོད་བྱེད་ཕྱོགས་ཆ་རྐྱེན་ཚང་མིན་སོགས་ཀྱི་ཐད་ལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་སོང་།
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།
