སྐྱེ་རྒུའི་ས་ཡོམ་སྐབས་ཕུལ་བའི་མྱ་ངན་གཞས་ཚིག
གནམ་ས་མགོ་སྟེང་ལོག་པའི་ངའི་ཕ་ཡུལ་ཀྱི་སྤུན་ཟླ།
ཁང་ཁྱིམས་ས་རྡོར་གྱུར་བའི་ངའི་ཕ་ཡུལ་ཀྱི་གཞིས་ཁྱིམ།
ཁྱེད་ངུ་ངག་དང་ཟུགས་གཟེར་ཀྱིས་གཙེས། ང་སྨེ་སྔག་དང་སྐྱོ་གདུང་གིས་མནར།
ཤ་གསེང་རུས་གསེང་ནས་ཚོར་བའི་ན་ཟུག་དང་། སེམས་ཁུངས་སྙིང་ཁུངས་ནས་མཆི་མ་ཐང་ལ་བཞུར།
ཨ་་་་བླ་མ་དཀོན་མཆོག
ཐུགས་རྗེ་གཟིགས་དང་།
ངའི་ཕུ་ནུ་མིང་སྲིང་། ཁྱེད་ནམ་ཡང་ང་ཡི་འགྲམ་ན་ཡོད། ང་ནམ་ཡང་ཁྱེད་དང་ལྷན་དུ་ཡོད།
སྐུ་ཕུང་མེ་རུ་སྤར་བའི་ངའི་སྙིང་དབུས་ཀྱི་སྤུན་ཟླ།
རྨས་མ་སྨན་སར་ལྷག་པའི་ངའི་སེམས་དབུས་ཀྱི་སྤུན་ཟླ།
ཁྱེད་དཀའ་སྡུག་དང་སྐྱོ་བ་ཡིས་མནར། ང་མཆི་མ་དང་གདུང་བ་ཡིས་མནན།
ཤ་གསེང་རུས་གསེང་ནས་ཚོར་བའི་ན་ཟུག་དང་། སེམས་ཁུངས་སྙིང་ཁུངས་ནས་མཆི་མ་ཐང་ལ་བཞུར།
ཨ་་་་བླ་མ་དཀོན་མཆོག
ཐུགས་རྗེ་གཟིགས་དང་།
ངའི་ཕུན་ནུ་མང་སྲིང་། ཁྱེད་ནམ་ཡང་ང་ཡི་འགྲམ་ན་ཡོད། ང་ནམ་ཡང་ཁྱེད་དང་ལྷན་དུ་ཡོད།
ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས། རྒྱ་གར་ལྷོ་ཕྱོགས་ཧིན་དྷི་རྒྱ་མཚོའི་འགྲམ་ནས། ༢༠༡༠ ཟླ་ ༤ ཚེས་བཅུ་༡༧ ཉིན་སྐྱེ་རྒུའི་ས་ཡོམ་ཡོག་རྐྱེན་འདས་སུ་གྱུར་བའི་ཕུང་པོ་ཞུགས་འབུལ་ཉིན་བྲིས།
