ཆེས་མཐའ་མཇུག་གི་ཏྰ་ལའི་བླ་མ།

ངས་བསམ་ན་ངེད་ཅག་གིས་༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་དེ་བོད་ལ་དགོས་ཀྱི་ཡོད་མེད་དེ་ནི་ད་ལྟ་མི་གླེང་ཀ་མེད་ཀྱི་གནད་དོན་ཆེན་པོ་ཞིག་ཆགས་ཡོད་པ་ཡིན། གང་ཡིན་ཟེར་ན་རྒྱ་ནག་སྲིད་གཞུང་གིས་བོད་ནང་གི་རང་དབང་ཆ་ཚང་ལ་དམ་དྲགས་བྱས་ཟིན་པ་མ་ཟད། ད་ལྟའི་འཆར་ཏྰ་ལའི་སྐུ་ཕྲེང་བཅོ་ལྔའི་ཡང་སྲིད་ཐུགས་ཐག་གཅོད་པའི་སྐོར་ལ་ཡང་ཁོང་ཚོས་གྲོང་ཆོད་སོགས་བགྲོ་གླེང་མི་ཉུང་བ་ཞིག་བྱས་ཟིན་པ་རེད་ལ། དེ་དག་གིས་ང་ཚོ་བོད་མི་དག་ལ་པན་ཆེན་ཡང་སྲིད་ཇི་བཞིན་དུ་གང་འདོད་དུ་ཁོང་ཚོས་ངེས་འཛིན་བྱས་པ་དེར་ཁས་ལེན་མི་བྱེད་ཐབས་མེད་ཅིག་ཡིན་པར་ངེས་འཛིན་བྱེད་ཀྱི་ཡོད་པ་རེད།

ད་ནི་ངེད་ཅག་བོད་མི་དག་གིས་ད་ལྟ་ནས་ཁ་གསལ་བོ་དང་དོན་དག་གང་ཡོད་ཀྱི་སྒོ་ནས་ཡི་གེ་དང་ས་ཡིག་བསྡུ་རུབ་སོགས་བྱས་དེ། ཕྱིས་སུ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་དེ་ནི་བོད་མི་དམངས་ཀྱི་དབང་ཚད་དང་འདོད་མོས་ལས་རྒྱ་ནག་སྲིད་གཞུང་ལ་དེ་ཡི་ཐད་དུ་སྐད་ཆ་བཤད་པ་དང་ཐག་གཅོད་བྱེད་པའི་རང་དབང་དང་ཐོབ་ཐང་གཏན་ནས་མེད་པའི་སྐོར་གྱི་བསྒྲགས་གཏམ་སྤེལ་བ་གཅིག་བུས་མི་ཡོང་བ་མ་ཟད། བོད་མི་ཕྱི་ནང་གང་དུ་ཡོད་མཁན་ཚང་མས་ད་ལྟ་ནས་བཟུང་དེ་དེ་ལ་རྣམ་འགྱུར་གསལ་བོ་ཞིག་མ་བསྟན་པ་ཡིན་ན། དངོས་ནས་ང་ཚོ་བོད་མི་ཚང་གི་མགོ་ཐོག་དུ་ཡང་བསྐྱར་འདོད་མིན་ལ་གཏན་ནས་མི་བལྟ་བར་རྒྱུ་སྟོབས་དང་དབང་ཤུགས་བཀོལ་ནས་ཏྰ་ལའི་སྐུ་ཕྲེང་བཅོ་ལྔ་བ་ཞིག་རྒྱ་ནག་སྲིད་གཞུང་ཐག་གཅོད་བྱེད་མི་བྱེད་མེད་ངེས་ཡིན།


དུས་ཚོད་འདི་ནི་ཆེས་གཉེན་འཕྲེང་ཅན་གྱི་དུས་ཚོད་ཅིག་ཡིན། བོད་མི་ཡོད་ཚད་ཀྱིས་༧སྤྱིུ་ནོར་ཡིད་བཞིན་ནོར་བུ་ངེས་སུ་ཞལ་བཞུགས་པའི་སྐབས་འདི་ལ་སྐྱེ་བོ་གང་ན་སུ་ཡོད་ཚང་མའི་ཚབ་དུ་གཞུང་སྒེར་གང་རུང་ནས་༧ཁོང་གི་སྐུ་མདུན་ནས་བཀའ་ལན་གསལ་བོ་ཞིག་ཞུས་དེ། དེ་ནི་བོད་མི་འདུས་བསྡོད་ཀྱི་ཡུལ་གྲུ་གང་སར་ད་ལྟ་ནས་སྒྲོག་རྒྱུ་དེ་ནི་རྒྱ་ནག་སྲིད་གཞུང་ལ་སྤྲད་པའི་བརྡ་ལན་ཡག་ཤོས་ཤིག་ཆགས་རྒྱུར་གདོན་མི་ཟ་བ་ཡིན་ལ། ཕྱིས་ཀྱང་རྒྱ་ནག་སྲིད་གཞུང་གིས་བླ་མ་དང་བླ་ཆེན་དང་དཔོན་པོའི་གོ་ཐོབ་ཡོད་མཁན་གྱི་བོད་ནང་བཞུགས་ཀྱི་བོད་མི་སུ་ཡང་རུང་བ་རེད་བེད་སྤྱོད་བྱེད་ཆོག་ཆོག་ཞིག་མེད་པ་དང་། བེད་སྤྱོད་བྱས་ཀྱང་པན་ཆེན་རིན་པོ་ཆེ་ཚང་གི་གནད་དོན་ལྟ་བུར་འགྱུར་ཐབས་མེད་པ་གསལ་བོ་ཆགས་ངེས་ཡིན་ལ། དེ་ནི་ད་ལྟ་དངོས་ནས་བོད་མི་གང་ན་སུ་ཡོད་པ་ཚང་མས་འགན་འཁུར་བླངས་པ་དང་སེམས་འཁྲལ་ལས་ལག་ལེན་དང་། ཁ་ལས་ལག་འགུལ་བ། དད་པ་དམ་ཚིག་དེ་ཡང་ངེས་སུ་བསྟན་པ་ཞིག་ཡིན། ༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་དེ་བོད་མི་རིགས་ལ་དགོས་མིན་གྱི་སྐོར་ལ་འགན་འཁུར་བའི་ལས་འགན་ཞིག་ཀྱང་ཡིན་ཟེར་ན་ཆོག  དེ་མིན་༧རྒྱལ་བ་སྐུ་ཕྲེང་བ་བཅོ་ལྔ་དེ་རྒྱ་ནག་སྲིད་གཞུང་གི་ལག་ཆར་གྱུར་སྲིད་པ་ཡིན་ལ། ༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་དེ་རྒྱ་བོད་གཉིས་ཀྱི་རྩོད་གཞི་དང་། བོད་མི་རིགས་ལོ་རྒྱུས་ཀྱི་ནང་གི་༧རྒྱལ་བ་སྐུ་ཕྲེང་མཐའ་མ་དེ་ཆགས་སྲིད་པ་ཡིན།

གཅིག་བྱས་ན། འདི་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་དུ་འདོད་མཁན་གྱི་བོད་རིགས་སྤུན་ཟླ་དག་གིས་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་དེ་བྱོན་མིན་དང་དེ་ཡི་ཐད་དུ་བསམ་བློ་གཏོང་འདོད་མེད་སྲིད་ཀྱང་། རྒྱ་ནག་སྲིད་གཞུང་གིས་དུས་ནམ་ཡང་དེ་ལྟར་བསམ་མེད་པ་དང་། ཁོ་ཚོས་བོད་མིའི་སྙིང་ལ་ལག་གཉོབ་བྱེད་དགོས་པ་ཡིན་ན། ཆོས་ལུགས་ཀྱི་དབུ་ཁྲིད་དག་ལ་བཅིངས་པའི་དད་མོས་དང་བརྩི་བཀུར་མེད་ཐབས་བྱེད་དགོས་པ་དེ་ཡིན་པ་ཤེས་ཡོད་སྟབས། པན་ཆེན་བླ་མ་གཉིས་བཟོས་པ་དེ་ཡང་ཁོང་ཚོས་ཆོས་ལུགས་དང་ཆོས་ལུགས་མི་སྣ་ལ་བརྩི་བཀུར་བྱས་པ་ཞིག་གཏན་ནས་མིན་པ་ཐུགས་སུ་བཟུང་དེ། ད་ལྟ་ང་ཚོས་༧གོང་ས་མཆོག་གི་ཡང་སྲིད་ཐ་མ་དེ་ཆགས་སྲིད་མིན་ཐད་དུ་འགན་ཞིག་ལེན་རན་ཡིན།