ཟིན་བྲིས་ཡིག་གཟུགས་ཆེ་ཆུང་༡༨ བྱས་ན་ལེགས་པར་མཐོང་།
གཞན་ཡང་ཟིན་བྲིས་པ་རྣམས་ཀྱི་ཐུགས་ལ་མངའ་བ་ཞུ།
དེ་བཞིན་རང་ཉིད་ཀྱི་ཟིན་བྲིས་སྤེལ་ཟིན་པའི་རྗེས་སུ་ཡིག་ནོར་དང་དོན་ནོར་ག་རེ་ཡོད་ཀྱང་། གོང་གི་ཡི་གེ་ཞ་དེ་ཡིན་རྒྱུ་ན་ཞིག་ཡིན་ཡང་ནོར་སོང་བས་ཞ་ཡིག་བྲིས་འདུག་པ་དེ་དགོངས་སེལ་དང་སྦྲགས་ན་རུ་བཅོས་རོགས་ཞེས་པ་ལྟ་བུ་དྲ་རྒྱ་གཞན་དག་བཞིན་མཆན་འདེབས་མི་དགོས་པར། རང་ཉིད་ཀྱི་ཁ་བྱང་ཐོག་ནང་འཛུལ་བྱས་ཟིན་པའི་རྗེས་སུ་ཟིན་བྲིས་དང་མཆན་གང་ཡིན་ཡང་གཤམ་དུ་རྩོམ་སྒྲིག་དང་། བསུབ་ཅེས་པ་རྒྱུན་ལྡན་དུ་ཤར་ཡོད། ཡིག་ནོར་བཅོས་དགོས་པ་ཡོད་ན་རྩོམ་སྒྲིག་ཞེས་པ་དེར་མདའ་མགོས་གནོན་ཙམ་བྱས་ན་ཁྱེད་ཀྱིས་གང་འདོད་དུ་བཟོ་བཅོས་བྱེད་ཐུབ། དྲ་ལམ་སོགས་ཡག་པོ་མེད་པའི་སྐབས་མཆན་གཅིག་ཐེངས་གཉིས་བཀོད་པ་ལྟ་བུ་ཡོང་གི་འདུག་པ་དེ་མེད་པ་བཟོ་དགོས་ན། གཤམ་དུ་གསལ་བའི་བསུབ་ཅེས་པ་དེ་མདའ་མགོས་གནོན་ཙམ་གྱིས་དང་གསོད་ཐུབ་པ་སོགས་བོད་ཀྱི་བང་ཆེན་གྱི་ཟིན་བྲིས་འདིར་དམིགས་བསལ་གྱི་ཁེ་ཕན་ཡོད་པས་ཚང་མས་དེ་ལུགས་དགོངས་མངའ་ཡོང་བ་ཞུ་བཞིན་ཡོད།
