བཀའ་སྤྱི་གཉིས་ཀྱི་འོས་གཞི་གསལ་བསྒྲགས།

སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་གཞི་མདོ་སྟོད་ཀྱི་ཁོངས་སུ་མི་གྲངས་༦ དང་མདོ་སྨད་ནང་མི་གྲངས་༥། དབུས་གཙང་གི་ཁོངས་སུ་མི་གྲངས་༡༠ བཅས་ཁྱབ་བསྒྲགས་བྱས་སོང།

tenzin namgyalyumiཉེ་ཆར་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མི་གསུམ་དང། ཆོལ་ཁོངས་རེའི་འོས་མི་བཅོ་ལྔ་རེ་ཁྱབ་བསྒྲགས་བྱས་ཡོད་པ་དང། དེའི་ནང་ནས་འོས་གཞི་རུ་ལངས་རྒྱུ་ཡིན་པ་དོ་བདག་སོ་སོའི་ཁས་ལེན་བྱུང་བ་ཁག་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་འདུག་ལ། སྤྱི་འཐུས་ཀྱི་འོས་མི་མདོ་སྟོད་ཀྱི་མི་དྲུག་དང་མདོ་སྨད་ཀྱི་མི་ལྔ་ལས་བྱུང་མེད་པ་རེད།

གསར་འགོད་གསལ་བསྒྲགས་སྐབས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། ཉེ་དུས་རྒྱ་གར་བྱང་ཤར་ས་ཁུལ་ཁག་ ༧ ནང་བཀའ་ཁྲིའི་འོས་འདེམས་ཀྱི་སྐོར་ལས་འགུལ་སྤེལ་ཟིན་པ་དང། lobsang  tethongང་ཚོས་མི་མང་ལ་ཁྱབ་བསྒྲགས་བྱེད་པའི་སྐབས། རྒྱལ་ཡོངས་མང་གཙོ་ཚོགས་པས་བཏོན་པའི་འོས་མི་དེ་དག་གིས། མ་འོངས་པར་བོད་ཀྱི་གནས་བབས་གཡང་སར་མ་ལྷུང་བར་བྱེད་ཀྱི་རེད་ཅེས་བརྗོད་ཡོད། དེ་བཞིན་ཚོགས་པའི་ངོས་ནས་འགྲོ་གྲོན་བཏང་ནས། བཀའ་ཁྲིའི་འོས་གཞིའི་ནང་འདེམས་ཐོན་བྱུང་ཟིན་པའི་ཁོང་རྣམ་པ་གཉིས་གདན་འདྲེན་ཞུས་ཏེ།  རྒྱ་གར་ལྷོ་ཕྱོགས་སོགས་བོད་མིའི་གཞིས་སྒར་ཆེ་སར་གང་མགྱོགས་ལས་འགུལ་སྤེལ་འཆར་ཡོད་པ་དང།  སྤྱི་འཐུས་ཀྱི་འོས་གཞི་ནང་ཡོད་པ་རྣམས་གྲངས་འབོར་མང་བས། མི་དངོས་སུ་གདན་འདྲེན་ཞུས་ནས་ལས་འགུལ་སྤེལ་རྒྱུ་ཁག་པོ་ཡིན་ནའང། གྱང་སྦྱར་སོགས་ཀྱི་སྟེང་ནས་ཆད་ལྷག་མེད་པ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུང་སོང།

ཁོང་གིས་མུ་མཐུད་ནས། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བོད་མི་གནས་སྡོད་བྱེད་སའི་ནང་དུའང། བཀའ་ཁྲིའི་འོས་གཞི་ཁྱབ་བསྒྲགས་བྱེད་འཆར་ཡོད་པ་དང། ཁྱབ་བསྒྲགས་ཀྱི་འགྲོ་སོང་དེ་ད་ལྟའི་ཆར་རྒྱན་ཤོག་ཁག་གཉིས་གྲ་སྒྲིག་བྱས་ཡོད་པ་དང། རྒྱན་ཤོག་གཅིག་རྒྱ་བལ་འབྲུག་གསུམ་ནང་བཙོང་རྒྱུ་དང།  གཅིག་ཕྱི་རྒྱལ་ཁག་ལ་བཙོང་ནས་དཔལ་འབྱོར་འདུ་འགོད་བྱེད་རྒྱུ་ཡིན་ཞིང་། རྒྱན་ཤོག་གི་རྔན་པ་དེ་ཡུལ་ལུང་སོ་སོའི་མི་ཚོས་དགའ་སྣང་བྱེད་སའི་ཅ་དངོས་བཞག་ཡོད་ཅེས་སོགས་གསུངས་སོང།