ཀ་བཤད་གཞོན་ནུ་མགུ་བའི་གཏམ།

ཅ་ཅོ་དོན་མེད་གཏམ་ལ་མགོ་འཁོར་ན།།

ཆ་ཤས་ཡོངས་སུ་རྫོགས་པའི་རང་དོན་འཆོར།།

ཇ་ཆང་བཟའ་བཏུང་ཆོག་ཤེས་མེད་གྱུར་ན།།

ཉ་མོ་དུད་འགྲོའི་རིགས་དང་ཁྱད་ཅིའི་ཡོད།།

ཏ་ལའི་ཤིང་ལ་ཡལ་འདབ་རྒྱས་པ་བཞིན།།

ཐ་ཤལ་ང་ཚོའི་རྒྱུད་ལ་དུག་གསུམ་མང།།

ད་ལྟའི་དར་བའི་རྒྱལ་བའི་བསྟན་པ་ལ།།

ན་གཞོན་ཐོས་བསམ་བྱ་བའི་སྐབས་ལགས་སོ།།

པ་སངས་བྱ་བ་གཉེར་བའི་དུས་བཟང་ལ།།

ཕ་དང་མཉམ་དུ་རི་ལ་བསངས་གསོལ་ཕྱིན།།

བ་མོས་བེའུ་སྐྱེས་པའི་ཉིན་མོ་ལ།།

མ་དང་ལྷན་དུ་སྤང་ལ་རྫི་འུར་སོང།།

ཙ་རི་གངས་ཅན་བོད་ཀྱི་གནས་ཆེན་ལ།།

ཚ་གྲངས་ངལ་དུབ་དཀའ་བ་ཁྱད་བསད་དེ།།

ཛ་ཞེས་སྒྲུབ་པ་རྩེ་གཅིག་སྒོམ་སྒྲུབ་སྐབས།།

ཝ་སོགས་སེམས་ཅན་ཉམ་ཐག་སྙིང་རྗེ་སྐྱེས།།

ར་བ་གངས་རི་ཞིང་ཁམས་རྒྱབ་བསྐྱུར་ཏེ།།

ལ་ལུང་མེད་པའི་ཚ་བའི་རོང་དུ་སླེབས།།

ཤ་ཕོ་རྩྭ་ཐང་འགྲིམ་པ་ཇི་བཞིན་དུ།།

ས་ཆེན་འདི་ལ་མྱུལ་ཞིབ་རོབ་ཙམ་མྱོང།།

ཧ་ཧ་ཀ་རྩོམ་རིགས་པའི་གཞུང་ལུགས་ལ།།

ཨ་ཨ་ལེགས་བཤད་བརྩམས་པ་བསམ་མི་ཁྱབ།།

ལེགས་ཉེས་ཕྱེ་སྟེ་ལེགས་པར་དཔྱད་པ་ན།།

བདག་གི་འདི་ལ་གོ་རྒྱུ་ཐོལ་པ་ཡོད།།

འདི་ན་གཞུང་ལུགས་རྒྱ་མཚོའི་སྙིང་པོཀུན།།

མེ་ཏོག་རྩི་བཅུད་ལྟ་བུར་ཁྱབ་ནས་མཆིས།།

ཀློག་ལ་དགའ་བའི་ན་གཞོན་སྦྲ་མ་རས།།

རིག་པའི་གཤོག་ཟུང་འཕུར་ལྡིང་རྩེན་ན་ཤེས།།

་་་་་་་་་་་་༢༠༡༠ཟླ་༥་ཚེས་༢༡ཉིན་བྲིས།