སུད་སི་རུ་ས་ག་ཟླ་བར་འབུམ་ཚོགས།

བོད་རྒྱལ་ལོ་ ༢༡༣༧ བོད་ཟླ་ ༤ པ་ས་ག་ཟླ་བའི་ཚེས་ ༤ ནས་ ༡༡ བར་བདུན་ཕྲག་གཅིག་རིང་། ཨོ་རྒྱན་སངས་རྒྱས་གཉིས་པ་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཆིབས་བསྒྱུར་གནང་སྐབས་ལྷ་སྲས་མུ་ཁྲི་བཙན་པོ་དང་བོད་འབངས་ཡོངས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་ཞལ་ཆེམས་སུ་གནང་ནས་གཏེར་དུ་སྦས་པ། གཏེར་ཆེན་སྤྲུལ་སྐུ་བཟང་པོ་གྲགས་པས་གཏེར་ནས་བཞེས་ཤིང། རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱིས་ཤོག་སེར་ལས་ཕབ་པའི་བསམ་ལྷུན་གྱི་ཚོགས་འབུམ་དེ་བཞིན་སྟག་གསར་བྱམས་པ་རིན་པོ་ཆེ་དབུ་བཞུགས་ཐོག་སུད་སིའི་ས་གནས་རུ་ཏིས་སུ་འཚོགས་ཡོད་པ་དང་། སྐབས་དེར་ཨིང་ལན་དུ་གནས་བཞུགས་ཨ་དཀོན་རིན་པོ་ཆེ་དང། སུད་སི་རུ་གནས་བཞུགས་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ། སུད་སི་རུ་གནས་བཞུགས་མཁན་སྤྲུལ་འཇམ་དབྱངས་རིན་པོ་ཆེ་བཅས་ཀྱིས་གཙོས་སུད་སིར་གནས་བཞུགས་སེར་སྐྱ་མི་མང་སུམ་ཅུ་ནས་ལྔ་བཅུའི་བར་ཚོགས་ཞུགས་གནང་ཡོད་པའི་གནས་ཚུལ་འདུག།