ཉི་ཧོང་གི་སྲིད་བློན་གསར་པ་བསྐོ་བཞག་བྱས་པ།

སྐུ་ཞབས་ཀན་ནི་ཉི་ཧོང་རྒྱལ་ཁབ་ཀྱི་ལོ་གསུམ་ནང་སྲིད་བློན་བསྐོ་བཞག་བྱས་པ་ཐེངས་ལྔ་པ་དེ་ཆགས་ཡོད་པ་དང།  ཁོང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ཀྱི་བསྒྱུར་བཅོས་དང། སྤྱི་ཚོགས་དང་མི་མང་གི་བདེ་སྡུག  གཞན་ཡང་ཨ་རི་གཙོས་ཡུལ་གྲུ་གཞན་ཁག་ལ་ཕྱི་འབྲེལ་དམ་ཟབ་ཡོང་རྒྱུའི་ཆེད་དམིགས་བསལ་ཤུགས་སྣོན་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་གསར་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།།