ལམ་སང་སྤྲད་པའི་ཀ་ལན།

ཅ་ཅོ་ཚིག་ངན་ཕྲ་མ་རང་གིས་སྤེལ།།

ཆ་རྒྱུས་མེད་པའི་མི་ལ་སྐུར་བ་འདེབས།།

ཇ་ནེར་དགུན་ཆང་མངར་ལྡན་ཕུལ་བའི་ལན།།

ཉ་མོའི་རྐྱལ་ཡུལ་རྙོག་ཆུ་ཚུར་ལ་འཇལ།།


ཏཱ་ལའི་བླ་མའི་བཀའ་ལ་བརྩི་མདོག་གི

ཐ་ཤལ་ཁྱོད་ཀྱིས་རྫུན་ཚིག་འཆམ་པོ་ལ།།

ད་ཅི་འཁྱིག་ཙམ་བཀླགས་པའི་དོན་སྙིང་རྟོགས།།

ན་གཞོན་གཞན་གྱིས་ཤེས་ཕྱིར་ངས་འདི་བྲིས།།

པ་ལོ་བཅད་ཀྱང་ཁྱིམ་པའི་ལས་ལ་འཇུག།

ཕ་རྒན་མིན་ཡང་གྲོང་ཚིག་ཕྲེང་བ་བསྒྲིགས།།

བ་གླང་མིན་ཡང་བླང་དོན་གནས་ལ་རྨོངས།།

མ་རྒན་མིན་ཡང་དམོད་ཚིག་བོར་ལ་དགའ།།

ཙ་རྟགས་ཙམ་གྱི་ཡི་གེ་དག་ཆ་ལ།།

ཚ་ཚ་འུར་འུར་ཞིབ་ཏུ་མི་སྦྱངས་བར།།

ཛ་རེ་ཛོ་རེའི་མི་ལ་ཁ་ངན་སྨྲས།།

ཝ་ཕྲུག་ཁྱོད་ཀྱིས་ཟུར་ཟ་མཚམས་འཇོག་གྱིས།།

ཞ་ར་གཡག་གིས་དབྱར་སྐྱེས་ཐང་གི་རྩྭ།།

ཟ་བ་ཇི་བཞིན་ཁྱོད་ཀྱི་རྩོམ་ངན་འདི།།

འ་རེ་འུར་རེ་ཅ་ཅོ་ཆེ་ན་ཡང།།

ཡ་རབས་ང་ཚོ་མཐོང་ཚེ་སྙིང་རེ་རྗེ།།

ར་ས་ཕོ་ཉས་དབུས་པའི་ལ་རྒྱ་འོག།

ལ་རྒྱ་ཅན་གྱི་ཁམས་སྐྱེས་མཁས་པ་ལ།།

ཤ་ཞེན་མེད་པའི་ཕྱོགས་ཀྱིས་རིས་སུ་བཅད།།

ས་གཞི་མཐོ་སྒང་འདི་ཡང་ཁྱེད་ལ་ཁྲལ།།

ཧ་ཧ་ཤེས་ལྡན་བོད་ཀྱི་མི་སྣ་ལ།།

ལ་འུར་གཟིགས་མོའི་མགྲོན་བརྡ་འདི་ཕུལ་ན།།

ཨ་རོགས་ཁམས་པས་བྲིས་ཞེས་མི་སྨད་པར།།

དྲང་པོའི་གཏམ་ལ་གཟུར་གནས་བློ་ཡིས་དཔྱོད།།