ཀྲུང་གོ་བོད་ཀྱི་དྲ་གནས་ཟེར་བའི་ནང་གི་གསར་འགྱུར་དུམ་ཞིག

སེམས་ཁམས་རོལ་དབྱངས་བཟོ་སྐྲུན་པའམ་བོད་རིགས་སྒྱུ་རྩལ་བ་དབྱངས་ཅན་ལྷ་མོས་སྣེ་འཁྲིད་བྱས་པའི་རྒྱ་ནག་ཕྱི་རྒྱལ་ཡུལ་གྲུའི་བོད་རིགས་མཐུན་ཚོགས་ནས་འདི་ལོའི་ཟླ་བ་༢པར་ཨ་རི་བློ་ཧྲན་ཅིར་གྲོང་ཁྱེར་དུ་གསར་འཛུགས་བྱས་པ་རེད།་མཚོ་སྔོན་ཡུལ་ཤུལ་དུ་ས་ཡོན་བྱུང་རྗེས།་མཐུན་ཚོགས་ནས་ཕྱི་བསྡོད་བོད་རིགས་སྤུན་ཟླ་དང་རྒྱལ་སྤྱིའི་མཐུན་གྲོགས་མི་སྣར་བསྐུལ་སློང་གིས་ས་ཡོམ་གོད་ཆག་ཕོག་པའི་མི་མང་ལ་རོགས་སྐྱོར་གྱི་ལག་ཟུང་བསྐྱང་ཡོད་པ་དང།་མཐུན་ཚོགས་དེས་ཨ་རིར་ཛ་དྲག་གིས་ཐོག་ནས་རྒྱ་སྒོར་ཁྲི་ལྔ་བཅུ་བསྡུ་རུབ་ཀྱིས་རྒྱལ་ཁབ་འབྲེལ་ཡོད་ཚན་པ་བརྒྱུད་ཡུལ་ཤུལ་མི་མང་ལ་རོགས་སྐྱོར་བྱས་པ་རེད།་

རྒྱལ་ནང་དུ་ཕྱིར་ལོག་རྗེས་ཕན་བདེའི་ལས་འགུལ་ནང་བཞུག་བཞིན་པའི་དབྱངས་ཅན་ལྷ་མོས།་ལོ་ངོ་གཅིག་སྟོང་ལྷག་གི་སྔ་རོལ་དུ་ཝུན་ཤིང་ཀོང་ཇོས་རྒྱ་བོད་གནའ་ལམ་བརྒྱུད་བོད་དུ་ཡོང་སྐབས་ཡུལ་ཤུལ་དུ་འབྱོར་ཡོད་པ་དང།་ད་བར་འདིར་འགྱེང་ངེར་ལངས་ཡོད་པའི་ཝོན་ཤིང་ཀོང་ཇོའི་ལྷ་ཁང་དེ་ནི་རྒྱ་བོད་ཁྱིམ་ཚང་གཅིག་སྙིང་ཉེ་བ་དང་།་ལོ་ངོ་སྟོང་ཁྲག་རིང་མི་རིགས་མཐུན་སྒྲིལ་ཆེན་མོའི་དཔང་རྟགས་གསལ་པོ་དེས་མཚོན་ཡོད་པ་རེད།་གཞན་ཡུལ་ཤུལ་ཡང་རྨ་ཆུ་དང་འབྲི་ཆུ།་རྫ་ཆུ་གསུམ་འདུས་ཀྱི་འབྱུང་ཁུངས་ཡིན་ལ།་ཡ་གླིང་གི་ཆུའི་འབྱུང་ཁུངས་ཆེ་ཤོས་ཡིན་ཞིང།་འཛམ་གླིང་དང་ས་ཁུལ་གྱི་སྐྱེ་དངོས་རྣམས་ལ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན།

ད་དུང་དབྱངས་ཅན་ལྷ་མོས་།་རྒྱ་ནག་ཕྱི་ཡུལ་གནས་སྡོད་བོད་རིགས་མཐུན་ཚོགས་ནས་ཨ་རི་དང་འཛམ་གླིང་གཞན་ཁུལ་དུ་ཤིན་ཏུ་ཤུགས་རྐྱེན་ཆེན་པོ་ཡོད་མཁན་གྱི་རྒྱལ་སྤྱིའི་ཕན་བདེ་ཚོགས་ཆུང་ཁག་དང་འབྲེལ་མཐུད་བྱས་ཡོད་ལ།་ང་ཚོས་ཕྱོགས་གཉིས་༼་ཕྱི་རྒྱལ་ཁག་གི་རོགས་ཚོགས་དང་བོད་ནང་གི་འབྲེལ་མཐུད་ལ་གོ་དགོས།་༽དབར་འབྲེལ་མཐུད་ཀྱི་སྡེངས་ཆ་དང་ཟམ་པ་ཞིག་བསྒྱུར་ཐབས་སུ་ས་ཡོམ་གྱི་གོད་ཆག་ཕོག་པའི་མི་མང་གི་ཆེད་དུ་རང་ངོས་ཀྱི་ནུས་ཤུགས་ཆུང་ངུ་ཞིག་བཏོན་འདོད་ཡོད་།་ཅེས་བཤད་ཡོད་པ་རེད།་

༼ཤིང་ཧ་དྲ་ལམ་ཟླ་༤ཚེས་༢༦ཉིན།་གློག་འཕྲིན་གཏོང་མཁན་གསར་འགོད་པ།་ཡན་ཧོ་དང་ཐེན་ཡའེ་གཉིས་ཡིན།་༽

མཆན།་་་་འབྲེལ་ཡོད་ཀྱིས་བཀོད་མངགས་ལྟར་རྒྱ་ཡིག་ནས་ཕབ་བསྒྱུར་བྱས།་