བཀའ་ཤག་གིས་གཏན་ལ་ཕབ་པའི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་ཡིན།

ཐེངས་འདིའི་སྦྱོང་བརྡར་གྱི་དམིགས་ཡུལ་ནི། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ལས་བྱེད་ཀྱི་བརྒྱ་ཆ་༤༦ བུད་མེད་དང། བརྒྱ་ཆ་༥༤ སྐྱེས་པ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང། ཐག་གཅོད་ཀྱི་དབང་ཚད་ལྡན་པའི་གནས་རིམ་ནང་བུད་མེད་ཀྱི་བརྒྱ་ཆ་༣ མ་གཏོགས་ཟིན་གྱི་མེད་པ་དང། སྐྱེས་པས་བརྒྱ་ཆ་༩༧ ཧྲིལ་པོ་ཟིན་གྱི་ཡོད། མ་ཟད་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་གཞན་ཁག་ནང་དུའང་གནས་བབ་དེ་རང་ཟིན་གྱི་ཡོད། དེར་བརྟེན་སྟོང་ཆ་དེར་ངོས་འཛིན་གསལ་པོ་བྱས་ཏེ་གནས་རིམ་གོང་མའི་ནང་དུ་བུད་མེད་ཚོས་ཆ་ཤས་ལེན་རྒྱུ་དེ་གོང་འཕེལ་ཡོང་རྒྱུའི་ཆེད་དུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་ནང་དུ་འཁོད་ཡོད་པ་རེད།

budmed-2སྦྱོང་བརྡར་ནང་མཉམ་ཞུགས་བྱེད་མཁན་བུད་མེད་སུམ་ཅུ་ཙམ་ཡོད་པ་རྣམས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་འཇོན་ནུས་ཅན་ཤ་སྟག་ཡིན་པ་དང། དེ་རིང་གི་སྦྱོར་བརྡར་དེས་དེ་སྔ་བཀའ་ཤག་གིས་གཏན་འབེབས་གནང་བའི་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་བྱུས་བརྒྱད་པོ་དག་ལག་བསྟར་དོན་འཁྱོལ་ཡོང་ཐབས་ཐད། དགེ་སྐྱོན་ཞིབ་དཔྱད་དང་བསམ་ཞིབ་ནན་ཏན་བྱས་ཏེ་བུད་མེད་ཚོས་རང་ཉིད་ཀྱི་ནུས་པར་ངེས་ཤེས་གསར་རྙེད་ཐོབ་སྟེ། རང་གི་ནུས་ཤུགས་གོང་སྤེལ་གཏོང་ཐུབ་རྒྱུའི་གར་སྟེགས་ཤིག་བསྐྲུན་ཡོད་ཅེས་གསལ་བསྒྲགས་ཏུ་འཁོད་ཡོད་པ་རེད།

སྤྲོད་མཁན་ཨ་རི་སོགས་ནས་ཕེབས་པའི་ཕྱི་རྒྱལ་གྱི་མི་སྣ་ཁག་ཅིག་ཕེབས་ཡོད་པ་རྣམས་ཀྱིས་འགན་ཁུར་སྣེ་འཁྲིད་ཀྱི་ནུས་རྩལ་གོང་འཕེལ་གཏོང་ཕྱོགས་སྐོར་སོགས་ལ་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་རེད།།