ཁེར་རྐྱང་གི་སེམས་པ
ཁྲུང་ཁྲུང་ཁུ་བྱུག་གཉིས་ཀ།།
རྒྱ་གར་ཕྱོགས་ལ་འཕུར་སོང༌།།
ང་དང་ལུ་གུ་གཉིས་ཀ།།
གངས་རིའི་འདབས་ནས་ལྷག་སོང༌།།
ཉི་མ་ཟླ་བ་གཉིས་ཀ།
རི་བོའི་རྒྱབ་ཏུ་ནུབ་སོང༌།།
ང་དང་སྐར་མ་གཉིས་ཀ།།
ཨ་སྔོན་དབྱིངས་སུ་ལུས་སོང༌།།
ཤེས་བྱའི་སྤང་རི་སྟེང་གི།།
མེ་ཏོག་པད་མ་དཀར་པོ།
ང་དང་སྦྲང་མ་གཉིས་ཀ།།
ཁྱེད་ཀྱི་ཕྱོགས་ལ་འཁོར་ཡོད།།
ཁྱི་དང་ཞི་མི་གཉིས་ཀ།།
སྦྱིན་བདག་རྗེས་ལ་ཤོར་སོང༌།།
ང་དང་ཙི་ཙི་གཉིས་ཀ།།
ཁང་པ་འདི་རུ་ལྷག་སོང༌།།
སློབ་མ་ཚོར་སྡེབ་སྦྱོར་ཁྲིད་སྐབས་ཐོལ་བྱུང་དུ་བྲིས།།
