འཛམ་གླིང་རྐང་སྤོལ་རྩེད་འགྲན་ལྟད་མོ་ཆེ་རུ་འགྲོ་བཞིན་པ།
དེ་ཡང་འགྲན་བསྡུར་འགོ་འཛུགས་ཀྱི་ཉིན་མོ་སྟེ་ཚེས་༡༡ ཉིན་ཐེངས་དང་པོ་ལྷོ་ཨ་ཧྥི་རི་ཁ་དང། མེག་སི་ཁོ་རྒྱལ་ཁབ་གཉིས་དབར་འགྲན་བསྡུར་བྱས་ཤིང་སྤོ་ལོ་གཅིག་རེ་བླུགས་ནས་འདྲ་མཉམ་ཆགས་ཡོད་པ་དང། དེ་རྗེས་ཡུ་རུ་གྷུའེ་དང། ཧྤ་རན་སི་གཉིས་བར་འགྲན་སྡུར་བྱས་ནས་གཉིས་ཀས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་འདྲ་མཉམ་ཆགས་ཡོད་པ་རེད།
ཚེས་༡༢ ཉིན་ཨར་རྗན་ཊི་ན་དང། ནེ་རྗི་རི་ཡའི་རྒྱལ་ཁབ་གཉིས་དབར་འགྲན་སྡུར་གྱིས་ཨར་རྗན་ཊི་ནས་སྤོ་ལོ་གཅིག་བླུགས་པ་དང། ནེ་རྗེ་རི་ཡས་བླུགས་མ་ཐུབ་པར་ཀླད་ཀོར་ཆགས་པ་དང། དེ་རྗེས་ལྷོ་ཀོ་རི་ཡ་དང། གྷི་རི་སི་གཉིས་དབར་འགྲན་སྡུར་བྱས་ནས་ལྷོ་ཀོ་རི་ཡས་སྤོ་ལོ་གཉིས་བླུགས་པ་དང། གྷི་རི་སིས་བླུགས་མ་ཐུབ་པར་ཀླད་ཀོར་ཆགས་ཡོད་པ་རེད། དེ་རྗེས་དབྱིན་ཇི་དང། ཨ་རི་གཉིས་དབར་འགྲན་སྡུར་བྱས་ནས་གཉིས་ཀས་སྤོ་ལོ་གཅིག་རེ་བླུགས་ནས་གཅིག་པ་ཆགས་ཡོད་པ་རེད།
ཚེས་༡༣ ཉིན་ཨེལ་རྗི་རི་ཡ་དང། སོལ་ཝི་ནི་ཡ་རྒྱལ་ཁབ་གཉིས་དབར་འགྲན་སྡུར་གྱིས་ཨེལ་རྗི་རི་ཡས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་ཀླད་ཀོར་ཆགས་པ་དང། སོལ་ཝི་ནི་ཡས་སྤོ་ལོ་གཅིག་བླུགས་ཡོད་པ་རེད། དེ་རྗེས་སིར་བྷི་ཡ་དང། གྷ་ན་གཉིས་དབར་འགྲན་སྡུར་བྱས་ནས་སིར་བྷི་ཡས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་ཀླད་ཀོར་ཆགས་པ་དང། གྷ་ན་རྒྱལ་ཁབ་ཀྱིས་སྤོ་ལོ་གཅིག་བླུགས་ཡོད་པ་རེད། དེ་རྗེས་འཇར་མན་དང། ཨོ་སི་ཁྲུ་ལི་ཡ་གཉིས་དབར་འགྲན་སྡུར་བྱས་ནས་འཇར་མན་གྱིས་སྤོ་ལོ་བཞི་བླུགས་པ་དང། ཨོ་སི་ཁྲུ་ལི་ཡས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་ཀླད་ཀོར་ཆགས་ཡོད་པ་རེད།
ད་བར་འགྲན་སྡུར་ཁྲོད་དུ་སྤོ་ལོ་བླུགས་མང་ཤོས་ཀྱི་རྒྱལ་ཁབ་ནི་འཇར་མན་ཡིན་པ་དང་སྤོ་ལོ་བཞི་བླུགས་ཡོད། དེ་རྗེས་ལྷོ་ཀོ་རི་ཡ་ཡིན་པ་དང་སྤོ་ལོ་གཉིས་བླུགས་ཡོད་པ་རེད། ཚེས་༡༤ ཉིན་ཧོ་ལན་ཌི་དང། ཌན་མག་རྒྱལ་ཁབ་གཉིས་དབར་འགྲན་སྡུར་བྱེད་རྒྱུ་དང། དེ་རྗེས་འཇར་པན་དང། ཁེམ་རོན་དབར་འགྲན་སྡུར་བྱེད་རྒྱུ། དེ་རྗེས་ཨི་ཊ་ལི་དང། ཕ་ར་གྷུའེ་གཉིས་དབར་འགྲན་སྡུར་བྱེད་རྒྱུ་ཡིན་པ་དང། རྒྱལ་ཁབ་དེ་རྣམས་ཀྱི་ཁྲོད་དུ་དེ་སྔོན་འཛམ་གླིང་ལ་རྐང་སྤོལ་རྩེ་བར་སྐད་གྲགས་ཅན་གྱི་རྒྱལ་ཁབ་མང་པོ་ཡོད་པས་ལྟད་མོ་བ་རྣམས་ལ་མཚོན་ན་ལྟད་མོ་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།
ད་ལོའི་རྐང་སྤོལ་འགྲན་སྡུར་ཁྲོད་རྒྱལ་ཁབ་༣༢ ཡོད་པ་རྣམས་གླིང་ཕྲན་གང་ཞིག་ནས་རྒྱལ་ཁབ་སུ་དང་སུ་ཡོང་ཡོད་མེད་གཤམ་གསལ་ལྟར་ཡིན།
དང་པོ། ཡུ་རོབ་གླིང་ཕྲན་ནས་ཡིན་པ། ༡ ཧོ་ལན་ཌི།(ནེ་དྷར་ལན་ཌི།)༢ ཌན་མག ༣ འཇར་མན། ༤ དབྱིན་ཇི། ༥ ཧྥ་རན་སི། ༦ སུད་སི། ༧ སོལ་ཝེ་ཀི་ཡ། ༨ སོལ་ཝེ་ནི་ཡ། ༩ ཨི་ཊ་ལི། ༡༠ སི་པན། ༡༡ ཕོར་ཆུ་གྷལ། ༡༢ གྷི་རི་སི། ༡༣ སིར་བྷི་ཡ་བཅས་རྒྱལ་ཁབ་༡༣ ཡོད་པ་རེད།
གཉིས་པ། བྱང་ཨ་མི་རི་ཁ་གླིང་ཕྲན་ནས། ༡ ཨ་རི། ༢ མེག་སི་ཁོ། ༣ ཧོན་ཌུ་ར་སི་བཅས་རྒྱལ་ཁབ་༣ ཡོད་པ་རེད།
གསུམ་པ། ལྷོ་ཨ་མི་རི་ཁ་གླིང་ཕྲན་ནས། ༡ བྷིར་རྫིལ། ༢ ཨར་རྗན་ཊི་ན། ༣ ཆི་ལི། ༤ ཕ་ར་གྷུའེ། ༥ ཡུ་རུ་གྷུའེ་བཅས་རྒྱལ་ཁབ་༥ ཡོང་ཡོད་པ་རེད།
བཞི་པ། ཨ་ཧྥི་རི་ཁ་གླིང་ཕྲན་ནས། ༡ ཨེལ་རྗི་རི་ཡ། ༢ ཀོ་ཊི་ཌི་ཨོ་ཝར། ༣ ནེ་རྗི་རི་ཡ། ༤ གྷ་ན། ༥ ཁེམ་རོན། ༦ ལྷོ་ཨ་ཧྥི་རི་ཁ་བཅས་རྒྱལ་ཁབ་༦ ཡོང་ཡོད་པ་རེད།
ལྔ་པ། ཨེ་ཤ་ཡ་གླིང་ཕྲན་ནས། ༡ ལྷོ་ཀོ་རི་ཡ་དང། ༢ བྱང་ཀོ་རི་ཡ།(མི་མང་མང་གཙོ་ཚོགས་པའི་རྐང་སྤོལ་རུ་ཁག) ༣ འཇར་པན་བཅས་རྒྱལ་ཁབ་༣ ཡོད་པ་རེད།
དྲུག་པ། ཨོ་སི་ཁྲུ་ལི་ཡ་དང། བདུན་པ། ནིའུ་རྫིའི་ལན་ཌི་གཉིས་རྒྱལ་ཁབ་དང་གླིང་ཕྲན་དབྱེ་རྒྱུ་མེད་པའི་རྒྱལ་ཁབ་གཉིས་བཅས་ཁྱོན་རྒྱལ་ཁབ་༣༢ རྣམས་ཡིན་པ་རེད།།