ཁམས་དར་རྩེ་མདོར་རི་ཉིལ་ནས་མི་༡༧ བསད་པ།

དེའི་ནང་གི་མི་༣ གསུམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག གཞན་མི་༦ གར་སོང་མེད་པར་གྱུར་པ་བཅས་ཀྱི་གནད་དོན་བྱུང་རྗེས་ཁུལ་དེའི་འབྲེལ་ཡོད་ལས་ཁུངས་ནས་མི་སྣ་མངགས་གཏོང་གིས་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་དང། རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ཁུལ་དེར་ཡོད་པའི་ས་གནས་མི་མང་གི་ཁང་ཁྱིམ་དང་རྒྱུ་ནོར་སོགས་ལ་གནོད་འཚེ་ཇི་ཙམ་ཕོག་པ་དང། གྱོད་གུད་ཅི་ཙམ་ཐེབས་ཡོད་མེད་ཀྱི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་དུ་ཁ་གསལ་ཞིག་ད་བར་ཤེས་རྟོགས་མེད་པ་རེད།།