༤༽ ཞབས་རྗེས་ལས་མེ་ཏོག་བཀྲ་བྱུང་།།
༢༽མཁར་ཤུལ་དང་གྱང་རོ་མཐོ་སྒང་གི་མཛེས་རྒྱན་མིན་ཡང་
གནམ་སྔོན་མོའི་མར་ཞབས་ནས་ཅི་ཙམ་གྲགས་པ་མཐོ་
གནས་དེ་ནས་རི་དྭགས་ཀྱིས་བང་རྩལ་འགྲན་ཅིང་
ཕྱོགས་དེ་ནས་བྱེའུ་ཡིས་བུ་ཕྲུག་འཚར་དུས་
རྒན་ཁོག་ཚོས་ཅི་ཞིག་ཡིད་ལ་དྲན་ནས་བལྟ་བཞིན་
མིག་མཐར་མཆིལ་མས་ཁེངས་ཀྱང་ད་རུང་ཁ་མུར་མུར་ བྱེད་
མཚན་གུང་རེར་
ཡོད་ཚད་ལྷིང་འཇགས་ཟིན་པའི་མུན་ནག་ནང་
རྫ་མའི་འོག་གི་སྐར་མེ་དེ་ཕྱུང་ནས་
ཕ་རྒན་ཚོས་སུ་ཞིག་འབོད་ཀྱིན་མཚམས་རེ་སྙིང་ཁ་ རྡུང་བཞིན་ཡོད་
བསྒུལ་བཞིན་པའི་ཁྲི་བདུན་གྱི་ཡིག་འབྲུ་རེ་རེས་
དམྱལ་བའི་ཡང་གཏིང་ནས་དཀྲུགས་ཤིང་སྲིད་པའི་རྩེ་མོ་ནས་བསྙིལ་སོང་བས་
ཕྲེང་བ་རིང་བགྲང་གིས་
ཁོང་ཡང་མར་ཕྱོགས་ནས་སླེབས་སོང་
༣༽ཁ་བ་ཅན་་བ་བར་དོ་ལ་སོང་ཤུལ་ནས་
གངས་རི་ལ་རྨིག་རྗེས་མང་སོང་བ་དེས་
གཟའ་ཚང་གང་བོས་གནག་ཕྱུགས་བཙལ་
མེ་དགྲ་བྱུང་ཟིན་པའི་དཔེ་ཆ་དུམ་པ་འགའ་
ཁྱིམ་ཀྱི་མཐོ་སར་
དར་གོས་ཀྱི་ནང་དུ་བསྙལ་ནས་
མཆོད་མེ་སྐོང་ཅིག་ལ་ནམ་ཡང་སྲུང་བཅུག་
འོན་ཀྱང་སུ་ཞིག་གིས་ཕྱག་རིང་ཡངས་པོ་བརྐྱངས་ནས་
སློབ་གླིང་གི་སྐྱེད་ཚལ་མང་པོ་ཞིག་གངས་སུལ་དུ་ བསྐྲུན་ཏེ་
ཡོད་ཚད་ཀྱི་ཁོག་པར་
ཡིག་འབྲུ་སུམ་ཅུའི་གཟུངས་བཞུགས་ཕུལ་
ཤི་ལ་ཉེ་བའི་ཀ་ཁ་ག་ང་མལ་ས་ནས་བསླངས་ཏེ་
ཆད་ལ་ཉེ་བའི་གཙང་ཆབ་སྔོན་མོ་ཟངས་ཁྲག་གིས་གསོས་
ཚེ་སྲོག་ཞུགས་པའི་བྱིས་པ་ཚོས་
ཡར་ཀླུང་གཙང་པོའི་ཆུ་འགོ་བཙལ་ནས་་
གངས་དཀར་ཏི་སེའི་བརྡ་རྟགས་དཔྱད་དེ་
ཧི་མ་ལའི་རྒྱབ་མདུན་དག་ནས་
ཤ་རྒོད་ཀྱི་དཔུང་པས་གོ་ལ་འདིའང་ཡོམ་ཡོམ་བཟོས་ སོང་
༢༠༠༩་༡༢་༢༦་ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་འདས་ ནས་མི་ལོ་ཉི་ཤུ་འཁོར་བའི་རྗེས་དྲན་ཆེད་
འཆམ་ར་དྲི་མེད་རྒྱལ་མཚན་དེས་བོད་ཀྱི་རྒྱལ་ས་ གཉིས་པ་ནས།