སྐྱེ་འཆི་ལ་རང་དབང་མེད་ཀྱང་། འདི་ལྟར་རིག་དུས་ཡིད་སེམས་སྡུག་གི
ཤུལ་ལུས་ཀྱི་སྤུན་ཟླ་དག་གིས་ཕན་ཚུན་ལ་རོགས་རམ་བྱེད་པ་རྒྱང་རིང་གཞན་ཡུལ་ཞིག་ ནས་ཐོས་པ་དང་མཐོང་དེ་འོང་དུས་སེམས་ཁོང་དུ་རང་དབང་མེད་པའི་སྐྱོ་སྣང་ཞིག་འོང་ བ་ནི། རང་ཉིད་བོད་མི་ཞིག་ཡིན་པས་ལོས་ཡིན། འདྲ་དཔར་འདི་དག་གི་སྟེང་ནས་འདས་ཟིན་པའི་སྤུུན་ཟླ་དག་གིས་ཕུང་བོ་ལ་ ཡང་བདག་པོ་བྱེད་མཁན་ནི་བོད་མི་རང་ཉིད་ཡིན་པ་དང་ཕུང་བོ་དེ་དག་ཡང་གཅིག་རྗེས་ གཉིས་མཐུད་ཉེ་གནས་ཀྱི་དགོན་པ་དག་ལ་བསྐྱེལ་བཞིན་ཡོད་པ་དང་། དགེ་འདུན་པ་དག་གིས་ཀྱང་ས་གནས་རང་དུ་སྨོན་ལམ་གསུངས་པ་དང་ས་གནས་རང་ནས་མ་སྐུལ་ དང་བླངས་ཀྱིས་ལག་ལེན་དངོས་ལ་ཞུགས་དུས། བོད་འདི་པ་ཚང་ལ་གྲྭ་བ་འདི་ལས་ལྷག་པའི་སྣེ་ཁྲིད་བྱེད་མཁན་གྱི་མི་སྣ་གལ་ཆེན་ ཞིག་མེད་པ་དངོས་སུ་དམངས་ཚོགས་ལ་བསྟན་སོང་།
བྱེས་སུ་ཡང་༧གོང་ས་ མཆོག་གི་གཙོ་བའི་རང་རིགས་བླ་ཆེན་དང་དགེ་འདུན་པ་ཡོངས་ཀྱིས་བསྔོ་སྨོན་གསུངས་ པ་དང་། མི་མང་གིས་མ་སྐུལ་དང་བླངས་ཀྱིས་སེམས་འཚབ་དང་རང་ཉིད་ཀྱིས་འཇོན་ཚོད་ཀྱི་ཞལ་ འདེབས་སྒོར་རྡོག་གཅིག་ཡིན་ཡང་མ་བྱུང་བར་འཕྲོད་ཐབས་བྱུང་ན་ཕུལ་བར་གྲྭ་སྒྲིག་ བྱེད་བཞིན་པ་འདི་དག་མཐོང་ནས་འོང་དུས། མ་འོངས་པའི་བོད་ལ་སྣེ་ཁྲིད་མཁན་བཟང་བོ་ཞིག་བྱུང་བ་ཡིན་ན། དངོས་ནས་གཅིག་རྗེས་གཉིས་མཐུད་དུ་ཡོང་རྒྱུར་རེ་བ་ཞིག་ཀྱང་བསྟན་སོང་།
ལྷག་ པར་དུ་བོད་ཁུལ་ནས་དགོན་སྡེ་ཁག་ནས་བསྔོ་བ་སྨོན་ལམ་གསུངས་པ་དང་། མི་དམངས་ཀྱིས་ཀྱང་རང་ཉིད་དངོས་སུ་བཅར་ཐུབ་མིན་ལ་མ་བལྟས་པར། ཕན་ཚུན་ལ་རོགས་སྐུལ་དང་ཞལ་འདེབས་སྤྲོད་བཞིན་པའི་གནས་ཚུལ་ཐོན་བཞིན་འདུག ད་དུང་། ཆེས་ཡིད་སྐྱོ་བའི་གནས་སྟངས་འོག་ས་གནས་རང་ནས་༧གོང་ས་མཆོག་ས་གནས་དེར་གདན་ འདྲེན་བྱེད་པའི་རེ་སྐུལ་སྙན་ཞུ་ཞིག་ཀྱང་། རྒྱ་ནག་སྲིད་གཞུང་གི་དཔོན་རིགས་དག་ལ་ཕུལ་འདུག་པ་དེ་ནི་དངོས་ནས་ཧ་ལས་པའི་ བསྔགས་པར་འོས་པ་དང་། ཤི་སྡུག་མགོ་ལ་ཡོང་ན་ཡང་། ད་དུང་རང་གི་༧བླ་མ་དྲན་བཞིན་ཡོད་པ་དེ་ཡིས་ཀྱང་རྒྱ་ནག་སྲིད་གཞུང་ལ་བརྡ་ལན་ གསལ་བོ་ཞིག་ཀྱང་སྤྲད་པ་རེད།
གང་ལྟར། ད་རེབས་ཀྱི་གོད་ཆག་འདིས་རྐྱེན་པའི་བོད་ཡུལ་ཁམས་ཀྱི་རྩོམ་པ་པོ་དང་སྨྱུག་ཐོག་ པ། བོད་ཕྱི་ན་ཡོད་པའི་སྤུན་ཟླ་ཡོངས་ཀྱིས་ཐ་ན་མ་ཎི་རྐང་རེ་ཡིན་ཡང་མི་འདོན་མཁན་ མེད་པར་གྱུར་བ་འདིས་བོད་འདི་གཏན་ནས་འགྱུར་བ་མེད་པར་གནས་ཡོད་པ་ཤེས་སུ་བཅུགས་ པ་རེད། མཐའ་དོན་དེར་རང་ཉིད་ས་གནས་དེར་ངོས་སུ་འགྲོ་རྒྱུའི་རེ་བ་བྲལ་ཡང་སེམས་ཁོང་ རུས་པའི་གཏིང་ནས་དེ་རུ་རོགས་སྐྱོར་བྱེད་བཞིན་པའི་སྐྱེ་བོ་སེར་སྐྱ་ཕོ་མོ་ ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་འབྲེལ། རྗེས་ཕྱོགས་ཀྱང་རང་རེའི་སྐྱིད་སྡུག་མཉམ་མྱོང་གི་བྱ་བ་འདི་དག་བསྟུད་མར་མཇུག་ སྐྱོང་ཡོང་བ་དང་། ཤུལ་ལུས་ཀྱི་ཉེ་མི་ཡོངས་ལ་སེམས་ཁོང་རུས་པའི་གཏིང་ནས་སེམས་གསོ་ཡོད།