བོད་རིགས་བུད་མེད་ལ་བཙན་གཡེམ།
འོན་ ཀྱང་འབྲེལ་ཡོད་སྡེ་ཚན་ནས་དེར་དག་སེལ་གྱི་འབྱུང་འབྲས་གང་ཡང་མ་བྱུང་བ་མ་ཟད། སྲིད་གཞུང་ཕྱོགས་ཀྱི་སྡུག་རྩུབ་ཅན་གྱི་མི་ངན་དེ་དག་གིས་ཞི་ཅིང་མའེ་ཡི་གོང་ རིམ་ལ་ཞུ་གཏུག་དེ་ལམ་སེང་མཚམས་འཇོག་ཡོང་བའི་དམིགས་ངན་བཅངས་ནས་ངན་ཇུས་དེ་དག་ སྤེལ་ཡོད་པ་རེད་འདུག འོན་ཀྱང་སྡུག་རུས་དང་སྙིང་སྟོབས་ཀྱིས་ཕྱུག་པའི་བོད་ཀྱི་བུད་མེད་ཞི་ཅིང་མའེ་ ད་ལྟའི་ཆར་མི་ངན་དེ་དག་གི་བསམ་ངན་ལས་ལྡོག་ནས་འཇིག་རྟེན་འདིར་གསོན་པོར་འཚོ་ བཞུག་ཡོད་པ་མ་ཟད། མུ་མཐུད་སེམས་ཤུགས་ཆེན་པོ་བསྐྱེད་དེ་གོང་རིམ་གྱི་སྡེ་ཚན་ལ་ཞུ་གཏུག་བྱེད་ བཞིན་ཡོད་པ་རེད།
འོན་ ཀྱང་ཁོང་མོས་འབྲེལ་ཡོད་པར་སྡུག་བསྔལ་དང་མནར་གཅོད་རྗེས་སུ་ད་དུང་ཡང་གཡོ་ འཁྱོལ་ཅན་གྱི་སྲིད་གཞུང་དེར་མཐའ་མའི་རེ་བ་བཅངས་ནས་ཁྲག་དང་འཆི་མས་ཚོས་པའི་ སེམས་ཚོར་ཆེ་བའི་སྡུག་བསྔལ་གྱི་སྨྲེ་ངག་འདོན་བཞིན་པ་དེ་ནི་ཇི་འདྲ་ཡ་ང་ཞིང་ སྡུག་བསྔལ་འགོག་ཐབས་མེད་པའི་གནས་སྟངས་སྐྱུར་མོ་ཞིག་རེད་ཨང༌།
བོད་ཀྱི་བུད་མེད་ཞི་ཅིང་མའེ་ཡིས་དྲ་ལམ་གྱི་བརྙེན་འཕྲིན་ནང༌ངུ་ངག་དང་འབྲེལ་ནས་ གཤམ་གསལ་གྱི་གཏམ་བརྗོད་གནང་འདུག མི་མང་འཐུས་ཚོགས་ཀྱིས་ང་ཚོ་བུད་མེད་ཚོར་འགན་འཁྱེར་རོགས། ང་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བུད་མེད་ཀྱི་རང་དབང་དང་ལ་རྒྱ་དགོས། གང་ཡིན་ཟེར་ན་ང་རང་2003ཟླ་12ཚེས་2ཉིན། ང་ཚོའི་ཏང་དང་སྲིད་གཞུང་གིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ང་ལ་མནར་གཅོད་བཏང་ བྱུང༌། དེའང་ངས་ཁོ་ཚོའི་ལྐོག་ཟ་རུལ་སུངས་ལ་ཐད་འདོན་བྱས་པར་བརྟེན། ཁོ་ཚོས་གནད་དོན་དེ་རྒྱ་ཁྱབ་འགྲོ་བར་ཞེད་སྣང་སྐྱེས་ཏེ་ང་གཤིན་རྗེ་ལམ་དུ་ བརྫངས་གང་ཐུབ་བྱེད་ཀྱི་འདུག ཁོ་ ཚོས་ང་གོང་ཚེས་ཉིན་ང་ཧོའང་ནན་ཀྲིག་ལྟ་སྲུང་ཁང་དུ་བཙོན་པ་སྐྱེས་པ་བདུན་གྱིས་ བརྒྱུད་མཐུད་ཀྱིས་བཙན་གཡེམ་བྱས་བཅུག་པ་དང༌། ཉིན་མཚན་བདུན་ལ་བཙན་གཡེམ་བྱས་བྱུང༌། (དུས་འདིར་ཁོང་མོའི་སེམས་ཀྱི་སྐྱོ་གདུང་འགོག་མ་ཐུབ་པར་མིག་ནས་མཆི་མ་ཁྲོམ་ ཁྲོམ་དུ་བཞུར་བཞིན་སེམས་ཀྱི་སྐྱོ་ངལ་བཟོད་མེད་ཚད་བརྒལ་བ་ཞིག་རེད། )ངས་སེམས་ཀྱི་འཆི་མས་རྒྱལ་ཁབ་ཀྱི་དབུས་གཞུང་དང་ཞིང་ཆེན་གྱི་སྡེ་ཚན་ཁག་དུ་ ཞུ་འབོད་བྱ་རྒྱུ་ཡིན། དེ་ནི་ང་ཚོའི་བུད་མེད་ཀྱི་ཐོབ་ཐང་དང་ལ་རྒྱ་སྲུང་སྐྱོར་ཆེད་དུ་ཡིན། སྤྱི་ཚོགས་གསར་པ་ཟེར་བའི་དུས་ནང་ད་དུང་ཡང་འདི་ལྟར་གདུག་རྩུབ་ཀྱི་སྤྱོད་ངན་འབྱུང་དགོས་དོན་གང་ཡིན་ནམ། མི་ངན་ཚོས་ང་བཙོན་ནང་བཅུག་དགོས་པའི་དམིགས་ཡུལ་ནི་ང་ལ་བཙན་གཡེམ་གྱི་མནར་ གཅོད་མྱང་བའི་གནས་སྟངས་འོག་ནས་རང་ཤི་རྒྱག་པར་རེ་ངན་བཅངས་ཡོད་པ་དེ་རེད། ང་ཤི་སོང་ན་ཁོ་ཚོའི་ནག་ཉེས་ཡོངས་རྫོགས་ནས་ཐར་ཐབས་བྱས་ཏེ་ཁོ་ཚོར་དོན་དག་ཅི་ཡང་མི་འབྱུང་ཞིང་གྱོང་རྒུད་གང་ཡང་མི་ཡོང་བའི་རེ་ངན་བཅངས་ཡོད།
དེ་ནི་ཁོ་ཚོས་ང་རང་ཤི་རྒྱག་རྒྱུར་བསྐུལ་འདེད་ངར་མ་བྱས་པ་དེ་རེད། དེར་བརྟེན། ངས་རྒྱལ་ཡོངས་མི་མང་ཚོགས་ཆེན་དང༌། དམིགས་བསལ་དུ་ང་ཚོའི་མཚོ་སྔོན་ཞིང་ཆེན་གྱི་མི་མང་འཐུས་ཚོགས་ཀྱི་འཐུས་མི་ རྣམས་ཀྱིས་ང་ཚོའི་མི་མང་ཆེད་དུ་སྐད་ཆ་བཤད་པའི་རེ་བ་བཅང་བཞིན་ཡོད། ང་ཚོའི་འགྲོ་བ་མིའི་ལ་རྒྱའི་ཆེད་དུ་སྐད་ཆ་བཤད་པའི་རེ་བ་བཅང་བཞིན་ཡོད། གནད་དོན་དེ་ངའི་གཅིག་པུར་གྱི་དོན་གནད་མ་རེད། དེ་ནི་རྒྱལ་ཡོངས་དང་རྒྱལ་ཡོངས་བུད་མེད་རྣམས་ཀྱི་ངོ་ཚ་དང་སྐྱོ་གནས་གཅིག་རེད། དེའང་རྒྱལ་ཁབ་ཀྱི་ངོ་ཚའང་རེད། ངའི་སྐྱོ་གདུང་ལ་རྒྱབ་སྐྱོར་དང་ངའི་མ་ཉེས་ཁ་གཡོག་དེ་དག་ལ་དག་སེལ་ཡོང་བའི་ རེ་བ་ཡོད། ངའི་གྱོང་རྒུད་ལ་ཁ་གསབ་དགོས། སོགས་གསུངས་འདུག
