རྣམ་གླིང་རྫོང་དུ་བོད་མི་༥༠ ལྷག་འཛིན་བཟུང།

རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་ཆིག་སྟོང་ལྷག་འབྱོར་ནས་དྲག་གནོན་བྱས་པ་མ་ཟད། བོད་མི་ལྔ་བཅུ་ཙམ་ཞིག་ལས་འགུལ་སྣེ་འཁྲིད་པ་ཡིན་སྐོར་གྱི་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་ཡོད་པ་རེད། 
བོད་མི་རྣམས་ཀྱིས་ཉེན་རྟོག་པའི་རླངས་འཁོར་ལ་མི་འདོད་པའི་རྣམ་འགྱུར་བསྟན་ནས་ཐུ་ལུད་བརྒྱབ་པར་བརྟེན། ཉེན་རྟོག་པས་གནམ་ལ་མེ་མདའ་བརྒྱབ་ནས་འཇིགས་སྐུལ་བྱས་ཡོད་འདུག ཁུལ་དེར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེས་ས་གནས་དེའི་སྒོ་ཕྱུགས་ཀྱི་རྩྭ་ས་དང། འཐུང་ཆུ་ལ་གནོད་འཚེ་བཟོས་པ་བཅས་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་བྱུང་ཡོད་སྐོར་ས་གནས་དེའི་མི་མང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད་ཅེས་ནོར་ཝེ་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག །