འགལ་བ་ཞིག་ཨེ་འདུག

འགལ་བ་ཞིག་ཨེ་འདུག

མཁྱེན་ལྡན་རྣམ་པའི་དགོངས་པ་ཡངས་པོས་རང་ཉིད་ཀྱི་ཤེས་པའམ་མྱོང་བའི་གནས་ཚུལ་འདི་ལ་དཀྲོལ་བའི་རེ་བ་ཞུ།

ནང་བསྟན་ནས་”རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ་”གསུངས་ཀྱི་ཡོད་པ་བཞིན་སྡོམ་ཚིག་འདི་ཉམས་སུ་ལེན་སྐབས་རང་ཉིད་གཞན་ལས་དམན་པར་བལྟ་བ་འདི་དང་། ནུབ་ཕྱོགས་པའི་སེམས་ཁམས་རིགས་པའི་བསམ་བློ་གཏོང་སྟངས་སྤྱིར་བཏང་བ་ཞིག་ནི་རང་ཉིད་གཅེས་སུ་བཟུང་བ་ནི་རང་ཉིད་ཀྱི་སེམས་ཁམས་ཀྱི་དཀའ་ངལ་ཆེ་ཕྲ་ཞི་བར་བྱེད་པའི་གཞི་མར་བརྩི་བ་ལྟ་བུའི་བྱེད་ཐབས་མི་འདྲ་བ་འདི་གཉིས་འགལ་བ་གསལ་པོ་ཞིག་མཐོང་གི་མིན་འདུག་གམ།

གལ་སྲིད་འདི་ལ་ཟིན་མཆན་འདྲ་བཏབ་རྒྱུ་ཡོད་ན། དཔེ་ཆ་ག་གེ་མོ་ནས་ལུང་འདྲ་མོ་འཁྱེར་མ་ཡོང་བར་རང་ཉིད་ཀྱི་ཤེས་པ་གཞི་བཞག་གིས་རིག་པའི་དཔྱད་པ་གཏང་རྒྱུ་ཡོད་ན་ནི་དགའ་བསུ་ཞུའོ།