བོད་དགའི་ཞིང་ཁམས་

དུས་རབས་ཉེར་གཅིག་ཚན་རིག་གི་འཇིག་རྟེན།།

དེང་སང་གི་འཛམ་གླིང་འདིར་ཚན་རིག་ཡར་རྒྱས་སུ་འགྲོ་བ་དང་ཕྱོགས་མཚུངས་སྤྱི་ཚོགས་བྱིངས་ཀྱི་འཚོ་བའི་ཁོར་ཡུག་ཀྱང་ཉིན་རེར་ནས་ཉིན་རེར་སྣེ་མང་ཅན་དང་ཡར་རྒྱས་རང་བཞིན་གྱི་ངོ་བོར་འཕོ་འགྱུར་འགྲོ་བཞིན་ཡོད་། འཛམ་གླིང་འདིར་ཚན་རིག་རིག་རིག་གནས་འདི་ཅི་ཙམ་ཡར་རྒྱས་ཕྱིན་པ་དེ་འབྲེལ་གྱིས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བ་ཡང་འཕེལ་རྒྱས་དང་བྲེལ་ཟིང་གི་ངོ་བོར་འགྱུར་བཞིན་ཡོད་། དེས་ན་གློག་ཀླད་ཀྱི་དྲ་ངོས་བེད་སྤྱོད་བྱེད་པ་ནི་རིག་གཞུང་ཞིབ་འཇུག་དང་གནས་ཚུལ་མཁོ་འདོན་ཉམས་མྱོང་བརྗེ་རེས་བཅས་ལ་མྱུར་ཚད་དང་སྤུས་ཚད་གཉིས་ཐད་སླེབས་ཁྱད་དམིགས་བསལ་ལྡན་པ་ཞིག་དང་ང་ཚོའི་བོད་ཀྱི་རིག་གཞུང་ནི་འཛམ་གླིང་སྟེང་ཐུན་མོང་མིན་པའི་རིག་གཞུང་ཁྱད་འཕགས་ཞིག་ཡིན་པ་མ་ཚད་འདིས་འཛམ་གླིང་ཡོངས་ལ་ཞི་བདིའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་ཡོད་། དེརབརྟེན་འཛམ་གླིང་ཡུལ་ལུང་དུ་མའི་ནང་བོད་ཀྱི་ནང་ཆོས་ཤེས་རྟོགས་དང་ཞིབ་འཇུག་གི་གཞི་རྒྱ་ཆེ་རུ་འགྲོ་བཞིན་པ་མ་ཟད་ཉམས་ལེན་དང་སློབ་སྦྱོང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་། ལྷག་པར་དེང་དུས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྤྱོད་བེད་ཆེ་ཤོས་ཀྱི་བོད་ཡིག་དྲ་ངོས་དུས་བབ་སོགས་བརྒྱུད་ནས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་ལ་དམིགས་བསལ་དོན་གཉེར་དང་ཉམས་ཞིབ་གནང་མཁན་དག་དང་ཉམས་པར་སླར་གསོ་མི་ཉམས་གོང་སྤེལ་ཡོང་རྒྱུར་དམིགས་བོད་ཀྱི་སྐད་ཡིག་ཁོ་ནའི་སྟེང་གླེང་སློང་བྱ་རྒྱུའི་སྟོང་ཆ་དང་གོ་སྐབས་བསྐྲུན་པར་ཡི་རངས་དང་སླད་མར་ཡང་ཡག་ཐོག་ཡག་བརྩེགས་ཡོང་བར་འབད་པ་བྱེད།།