དེང་རབས་བོད་ཀྱི་འགྱུར་བ་།
ཕ་མེས་ལས་བྱུང་ཆོས་དང་རིག་གཞུང་སོགས།།
རྣམས་དཔྱོད་ཡངས་པོས་སྨྲ་བར་ཐོགས་མེད་ཀྱང།།
དུས་རབས་གསར་པའི་སྐད་ཡིག་མ་མཁྱིན་ན་།།
དེང་སྐབས་སློབ་སྤྱི་འགྲོ་སའི་སློབ་གྲ་མེད་།།
ཤེས་འཇོན་ལྷག་བསམ་བཟང་པོའི་རབ་ཏུ་ཕྱུག་།།
གཡོ་རྒྱུ་ངན་སྤྱོད་མེད་པའི་མི་ཡིན་ཡང་།།
དེང་རབས་གསར་པའི་གཤིས་ཀ་མི་ལྡན་ན་།།
དེང་སྐབས་དཔོན་པོ་འགྲོ་སའི་སྲིད་གཞུང་མེད་།།
སྲོལ་རྒྱུན་བོད་ཀྱི་རིགས་གཞུང་ཞབས་བྲོ་སོགས་།།
གོ་དོན་ཟབ་ལ་མཛེས་ཉམས་ཆེས་ལྡན་ཡང་།།
དེང་རབས་བོད་པས་དགའ་བའི་མིག་ནང་ལ་།།
དེང་རབས་༼danc ༽མིན་ན་རྗེས་ལུས་མཐོང་།།
དུས་ཀྱི་འགྱུར་འགྲོས་དུས་རབས་གསར་པའི་ནང་།།
སླད་མེད་ཡར་རབ་བཟང་པོའི་ཕྱུག་ན་ཡང།།
དུས་རབས་གསར་པའི་གཤིས་སྤྱོད་མི་མངའ་ན་།།
དེང་རབས་མི་ཡི་ཆེ་མཐོང་རྩི་སྲོལ་མེད་།།