ཀརྨ་བསམ་འགྲུབ་ཀྱི་བཟའ་ཟླའི་དགོས་འདུན།
ཞུ་གཏུགས་ཡི་གེ་དེའི་ནང་དུ། རྒྱ་ནག་འབྲེལ་ཡོད་ལས་ཁུངས་ཁག་གི་དབུ་ཁྲིད་ཚོས་གཤམ་འོག་གི་ཁྲིམས་འཛིན་ལས་ཁུངས་ཁག་ལ་ངེས་པར་དུ་ཁྲིམས་ལྟར་གྱོད་གཞི་དེ་ཐག་གཅོད་བྱེད་དགོས་པའི་བཀོད་ཁྱབ་གནང་རྒྱུའི་རེ་སྐུལ་ཞུས་འདུག་པ་དང། ཀརྨ་བསམ་འགྲུབ་ལྟ་བུའི་མི་བཟང་པོའི་རིགས་ལ་བཟང་སྤྱོད་ཀྱི་ཐུགས་ཁུར་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད།
ཀརྨ་བསམ་འགྲུབ་ཀྱི་ཁྲིམས་བཤེར་བྱས་པའི་བརྒྱུད་རིམ་ནང་དུ། རྒྱ་ནག་གཞུང་གིས་ཀརྨ་བསམ་འགྲུབ་ཀྱི་ཁྲིམས་རྩོད་པས་བཤད་པའི་སྐད་ཆ་མང་པོ་ཞིག་སྣང་མེད་དུ་བཞག་པ་དང། ཁྲིམས་ཐག་དེ་ཉིད་དྲང་བདེན་མ་ཡིན་པའི་སྐོར་སྒྲོལ་དཀར་མཚོའི་ཟིན་བྲིས་ནང་དུ་གསལ་ཡོད་པ་མ་ཟད། སྒྲོལ་དཀར་མཚོས་ཀརྨ་བསམ་འགྲུབ་ཀྱི་ཁྲིམས་རྩོད་པར་ཐུགས་རྗེ་ཆེ་ཞུ་བའི་ཟིན་བྲིས་ཤིག་ཀྱང་བཀོད་ཡོད་པ་རེད།།
{jcomments on}