ཇོ་མོ་གླང་མ་རིའི་བོད་རིག་པའི་ཞིབ་འཇུག་བྱ་དགའ།

བྱ་དགའ་ཐོབ་པ་རྣམས་ནི་གཤམ་གསལ་ལྟར། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བརྩམས་ཆོས་《བོད་རྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་མིང་འདོགས་ལ་དཔྱད་པ་》 ཞེས་པ་དང༌།  དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ཀྱིས་བརྩམས་པའི་《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》 དང༌། དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱི་《བོད་ཀྱི་ཡིག་རྙིང་དུ་གསལ་བའི་ལི་ཡུལ་གྱི་ལོ་རྒྱུས་ཁག་ཅིག་ལ་དཔྱད་པ་》 གསུམ་ལ་སོ་སོར་བྱ་དགའ་ཨང་གཉིས་པ་དང༌། དགེ་རྒན་ཚེ་རིང་འཚོས་བརྩམས་པའི་《སྙན་གཞུང་མེ་ཏོག་མ་》 བརྩམས་ཆོས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་པ་རེད།

 

དེ་ཡང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མ་རིའི་རྟགས་མའི་བྱ་དགའ་ཞེས་པ་དེ་ནི་རྒྱལ་ཁབ་རིམ་པས་ཐག་གཅོད་གཏན་འབེབས་བྱས་པ་ཞིག་ཡིན་འདུག་ལ། བོད་རིག་པ་ཞིབ་འཇུག་ཐད་ཀྱི་ཆེས་མཐོ་བའི་རྒྱལ་ཁབ་རིམ་པའི་བྱ་དགའ་ཞིག་ཡིན་ཞིང། བྱ་དགའ་སྤྲོད་པའི་བྱེད་སྒོ་དེ་ལོ་ལྔ་རེའི་མཚམས་སུ་རེ་རེ་སྤེལ་གྱི་ཡོད་པ་རེད། སྐབས་དང་པོ་ཕྱི་ལོ་༢༠༠༥ ལོར་སྤེལ་བ་དང། ཐེངས་གཉིས་པ་དེ་ཕྱི་ལོ་༢༠༠༩ ཟླ་བ་༧ པ་ནས་སྤེལ་འགོ་བརྩམས་པ་ཞིག་ཡིན་འདུག །

གནས་ཚུལ་མཆོད་མེ་རྩོམ་རིག་དྲ་བ་ལས་བཏུས།

{jcomments on}