༧གོང་ས་མཆོག་གི་འཁྲུངས་སྐར་ལ་འབུལ།

འགྲོ་ཀུན་གཙུག་རྒྱན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་པ་ཆེ་པོས་ཧི་མ་ལ་ཡ་རི་རྒྱུད་དུ་གནས་པའི་བྱིས་པ་ཀུན་གྱིས་ཚབ་བྱེད་ནས་མགོན་པོ་མཆོག་ཉིད་ཀྱི་འཁྲུངས་སྐར་ཉིན་མོར་དགའ་བ་འབུམ་གྱིས་བསུ་ནས་སྐུ་ཚེ་ཞབས་པད་བསྐལ་བརྒྱ་བར་དུ་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ།