འཛམ་གླིང་མི་རྣམས་སེམས་འགུལ་ཐེབས་པའི་སྐར་མ་ལྔའི་གཏམ་བཤད།

 

ད་ལྟའི་ཆར་ང་ཕྱི་ལོག་འགྲོ་དུས་ཉི་འོད་སྤྲོས་ཕོད་ཀྱི་མི་འདུག་གང་ཡིན་ཟེར་ན་ཁ་རླུང་གཙང་མར་འབག་བཙོག་ཤོར་ཡོད།་ངས་ཁ་རླུང་རྔུབ་དུས་འཇིགས་སྣང་སྐྱེ་ཡི་འདུག་གང་ཡིན་ཟེར་ནད་ལྟའི་དུས་སུ་ངས་ཁ་རླུང་ནང་རྫས་འགྱུར་གྱི་ཆ་ཤེས་ག་རེ་ཡོད་མེད་ཤེས་ཀྱི་མེད།་

དེ་སྔོན་ང་དང་པ་ལགས་ཝུན་ཀའེ་ཧྭ་གྲོང་ཁྱེར་ཡོད་དུ་ཉ་འཛིན་པར་ཕྱིན་མྱོང།་ལོ་ཤེས་སྔོན་ནས་ངས་ཉ་ཚང་མར་སྐྲན་ནད་ཕོག་ཡོད་པར་ཤེས་རྟོག་བྱུང།་ད་ཆ་ང་ཚོས་ཉིན་ལྟར་སྲོག་ཆགས་དང་རྩི་ཤིང་རྩ་མེད་འགྲོ་བཞིན་པའི་སྐོར་གྱི་གནས་ཚུལ་ཐོས་ཐུབ་ཀྱི་ཡོད།་དེ་དག་ནམ་ཡང་ཕྱིར་ལོག་ཐུབ་ཀྱི་མ་རེད།་

ངའི་ཚེ་སྲོག་ནང་རི་སྐྱེ་སྲོག་ཆག་ཁྱུ་ཚོགས་མཐོང་ཐུབ་པའི་ཕུག་བསམ་བཅངས་ཡོད་ལ།་གང་སར་བྱིའུ་དང་ཕྱེ་མ་ལེབ་ཡོད་པའི་དྲོད་ཁུལ་གྱི་ནགས་ཚལ་མཐོང་འདོད།་འོན་ཀྱང་ད་ལྟའི་ཆར་མ་འོངས་ངའི་ཕྲུ་གུ་ཚོས་དེ་འདྲ་མཐོང་ཐུབ་མིན་མི་ཤེས།་ཁྱེད་རྣམ་པས་ངའི་ལོ་ཚོད་ཀྱི་སྐབས་སུ་གནས་ཚུལ་འདི་དག་ལ་སེམས་འཁུལ་བྱེད་དགོས་ཀྱི་ཡོད་དམ།

འདི་དག་ཚང་མ་ང་ཚོའི་མིག་མདུན་ལྷག་བཞིན་པའི་གནས་ཚུལ་རེད།་ཡིན་ཡང་ང་ཚོས་སོ་སོར་རྫོགས་མཐའ་མེད་པའི་དུས་ཚོད་དང་གནད་དོན་ཐག་གཅོད་ཐུབ་པའི་ཐབས་ལམ་ཡོད་མདོག་གཡོ་རྫུན་བྱེད་ཀྱི་ཡོད།་ང་བྱིས་པ་ཞིག་ཡིན།་ང་རང་ལ་གནད་དོན་དེ་དག་ཐག་གཅོད་ཐུབ་པའི་ལེན་འདེབས་མེད་།་འོན་ཀྱང་ངས་ཁྱེད་རང་རྣམ་པར་ཤེས་སུ་བཅུག་འདོད་པ་གནས་ཚུལ་ཞིག་ཡོད་པ་དེ་ནི་ཁྱེད་རང་ཚོ་ལའང་དེའི་སྐོར་ཐབས་ཤེས་དང་ལན་འདེབས་མེད་པ་དེ་རེད།་

ཁྱོད་ཚོས་ཀྱིས་དེ་དག་གི་སྟོང་ཆ་བསང་ཐབས་མེད་ལ།་སན་ཝོན་ཉ་མོ་སླར་ཡང་སྐམ་ཟིན་པའི་རྒྱུག་ཆུར་ཕྱིར་ལོག་ཐུབ་པའི་ཐབས་ལམ་སྤེལ་མེད།་ཁྱོད་ཚོར་རྩ་མེད་འགྲོ་བཞིན་པའི་སྲོག་ཆག་རྣམས་སླར་ཡང་ཕྱིར་མངོན་ཐུབ་པའི་ཐབས་ལམ་མེད་ལ།་བྱེ་ཐང་གྱུར་ཚར་བའི་ས་ཆ་མང་པོ་སླར་ཡང་ནགས་ཚལ་དུ་བསྒྱུར་ཐབས་མེད།་

གལ་ཏེ་ཁྱོད་ཚོར་དེ་དག་ཁ་གསབ་ཐུབ་ཐབས་མེད་ན་ད་ནས་བཟུང་དེ་དག་ལ་གཏོར་བཅོམ་མ་གཏོང་རོགས།་

ང་རང་བྱིས་པ་ཞིག་རེད།་འོན་ཀྱང་ངས་ང་ཚོ་ནི་ཁྱིམ་ཚང་ཆེན་མོ་གཅིག་ཡིན་པར་ཤེས་ཀྱི་ཡོད།་ཁྱིམ་ཚང་འདི་ལ་མི་གྲངས་དུང་ཕྱུར་༥༡ཡོད།་སྲོག་ཆགས་རིགས་མི་འདྲ་བ་ཁྲི་སུམ་སྟོང་ཡོད།་ང་ཚོས་གཅིག་མཚུངས་ཀྱི་ཁ་རླུང་རྔུབ་དགོས་ལ་གཅིག་མཚུངས་ཀྱི་ཆུ་འཐུང་ཞིང།་གཅིག་མཚུངས་ཀྱི་ས་གཞི་ཐོག་འཚོ་དགོས།་རྒྱལ་མཚམས་དང་སྲིད་གཞུང་གང་རུང་གིས་དུས་ནམ་ཡང་དངོས་ཡོད་གནས་སྟངས་འདི་ལ་་འགྱུར་བ་གཏོང་མི་ཐུབ།་

ང་རང་བྱིས་པ་གཅིག་ཡིན།་འོན་ཀྱང་ང་ཚོ་གཅིག་མཚུངས་ཀྱི་ཁྱབ་ཁོངས་ཤིག་ཡིན་པར་ངས་ཤེས་ཀྱི་ཡོད་ལ།་གཅིག་མཚུངས་ཀྱི་དམིགས་ཡུལ་ཐད་ཧུར་བརྩོན་བྱ་དགོས་པའང་ཤེས་ཀྱི་ཡོད།

ང་རང་བྱིས་པ་གཅིག་ཡིན་ཡང་གལ་ཏེ་གཡུལ་འཐབ་ཐོག་བེད་སྤྱོད་བྱེད་བཞིན་པའི་དངུལ་གྱི་འགྲོ་སོང་ཚང་མ་དབུལ་ཕོངས་མཚམས་འཇོག་དང་ཁོར་ཡུག་གནད་དོན་འཚོལ་ཞིབ་ཀྱི་ལེན་འདེབས་ཡོང་ཐབས་ཕྱོགས་སུ་གཏོང་བ་ཡིན་ན།་ས་གཞི་གོ་ལ་ནི་གང་འདྲ་ཡིད་འོངས་ཀྱི་ས་གཞི་ཞིག་འགྱུར་སྲིད་ཨང་བསམ་བཞིན་ཡོད།་

ཁྱོད་ཚོ་ཚོགས་འདུ་འདིར་ཡོང་དགོས་པའི་དམིགས་ཡུལ་མ་བརྗེད་རོགས།་་་ཁྱོད་ཚོ་སུའི་ཆེད་དུ་ཚོགས་འདུ་འཚོགས་པར་ཡོང་བ་ཡིན་ནམ།་ང་ཚོ་ནི་ཁྱོད་ཚོའི་བུ་རྒྱུད་ཡིན།་ཁྱོད་ཚོས་ང་ཚོ་འཛམ་གླིང་གང་འདྲའི་ཁོར་ཡུག་གཅིག་ཏུ་འཚོ་བ་བསྐྱེལ་དགོས་མིན་ཐག་གཅོད་བྱེད་ཀྱི་རེད།་དེ་སྔོན་ཕ་མས་ཕྲུ་གུར་སེམས་གསོ་བྱེད་དུས་ཕལ་ཆེར་ཚང་མ་ཡག་པོ་ཡོང་གི་རེད།་ང་ཚོས་ཧུར་བརྩོན་བྱེད་བཞིན་ཡོད།་འདི་ནི་འཇམ་རྟེན་པའི་དུས་མཐའ་མིན་སོགས་བརྗོད་ཐུབ་ཀྱི་ཡོད།་འོན་ཀྱང་ད་ལྟ་ཁྱོད་ཚོས་སྐད་ཆ་འདི་དག་ནམ་ཡང་བཤད་ཐུབ་ཀྱི་མ་རེད།་ཁྱོད་ཚོས་ང་ཚོ་བུ་རྒྱུད་ཚོ་དངོས་ལྡན་གྱི་གོ་གནས་གཙོ་བོ་ཞིག་ལ་བཞག་ཡོད་དམ།་

ངའི་ཨ་ཕས་རྟག་ཏུ་ཁྱོད་རང་གིས་བསྒྲུབ་པའི་བྱ་བ་དེས་སོ་སོ་མཚོན་ཐུབ་པ་ལས།་ཁྱོད་ཀྱིས་ཅི་བཤད་པ་དེས་མཚོན་ཐུབ་ཀྱི་མེད་ཟེར།་ཁྱོད་ཚོས་བྱས་པའི་བྱ་བ་དེ་དག་གིས་ང་རང་མཚན་མོར་ངུ་བཅུག་གི་འདུག་་ཁྱོད་ཚོ་མི་རྒན་པ་ཚོས་ང་ཚོར་བརྩེ་བ་ཡོད་ཅེས་བཤད་ཀྱི་འདུག་འོ་ན་ངས་ཁྱོད་ཚོར་ཞུ་བ་འཐེན་གྱི་ཡིན།་ཁྱོད་ཚོ་ཁ་བཤད་དོན་དང་མཚུགས་པ་བྱ་རོགས་།་ཐུགས་རྗེ་ཆེ།་

མཆན།༼བུ་མོ་ཧྲན་ཝུན་ནི་ཕྱི་ལོ་༡༩༩༣ལོར་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་ཕུལ་བའི་འཛམ་གླིང་ཁྱོན་ཡོངས་ཀྱི་ཕུལ་བྱུང་མི་སྣ་ལྔ་བརྒྱ་ནང་གི་གཟེངས་རྟགས་རག་མཁན་གྲལ་རེད།་༽