གསར་འགོད་པའི་ལག་དེབ།

དེབ་དེའི་ནང་དུ། སྤྱིར་བོད་ཀྱི་ལོ་རྒྱུས་ནང་རྩོམ་དང་འགྱུར་གྱི་ལོ་རྒྱུས་ནི་ཤིན་ཏུ་ནས་རྒྱ་ཆེ་བ་དང། གཏིང་ཟབ་ཡོད་པ་མ་ཟད། འཛམ་གླིང་འདིའི་ནང་རྩོམ་དང་འགྱུར་གྱི་ལོ་རྒྱུས་ཚད་མཐོའི་གྲས་སུ་སླེབས་ཀྱི་ཡོད་པ་ནི། ད་ལྟ་ང་ཚོས་མཐོང་ཆོས་སུ་ཡོད། ཡིན་ནའང་བོད་ཀྱི་གསར་འགྱུར་བརྒྱུད་ལམ་གྱི་འཕེལ་རིམ་ནི་དེ་ཙམ་རིང་པོ་མིན་པས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་གསར་dsc_0289འགྱུར་གྱི་ལས་ཀ་བྱས་ན་ལོ་བཅོ་ལྔ་ལྷག་འགྲོ་ཡི་ཡོད་པས། མཉམ་མྱོང་གི་ཐོག་ནས། གསར་འགྱུར་གྱི་སྐོར་ལ་དེབ་ཅིག་འདོན་ཐུབ་ན་བསམས་ནས། ལོ་གཅིག་ལྷག་ལ་ཉམས་ཞིབ་བྱས་པ་རེད། དེབ་དེའི་ནང་ལེའུ་བཅུ་གཉིས་ཡོད་པ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཡིག་དང། དེ་མིན་གྱི་རྒྱལ་ཁབ་ཁག་གི་ཁྲིསམ་ཡིག་ལ་བལྟས་ནས། དཔེ་མཚོན་དང་བཅས་ཏེ་གསར་འགོད་པའི་ཁེ་དབང་གི་སྐོར་དང། གསར་འགོད་པའི་ལྟ་སྤྱོད་སྐོར། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས། གསར་འགོད་པར་དཀའ་ངལ་འཕྲད་སྐབས་མཐུན་འགྱུར་བྱེད་ཕྱོགས་སྐོར་དང། རྒྱ་གར་གྱི་རྩ་ཁྲིམས་ནང་གི་སྨྲ་བརྗོད་རང་དབང་སྐོར་ཡང་ང་ཚོས་ག་འདྲ་ལག་ལེན་བྱེད་ཐུབ་མིན་སྐོར་སོགས་བཀོད་ཡོད། དེ་བཞིན་བོད་ནང་དུ་ལས་འགུལ་བྱུང་སྐབས་མི་མང་དཀྱུས་མའི་ངོས་ནས་པར་རྒྱག་པ་དང། ཁ་པར་བརྒྱུད་ནས་འཕྲིན་ཐུང་གཏོང་སོགས་འབྱུང་གི་ཡོད་པས། གསར་འགོད་པ་མིན་ནའང། མི་མང་དཀྱུས་མའི་ངོས་ནས་གསར་འགོད་པའི་ལས་ཀ་བྱེད་ཕྱོགས་ཀྱི་སྐོར་སོགས་འཁོད་ཡོད་པ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་འགན་འཛིན་གཅིག་ལྕོགས་ཀརྨ་ཡེ་ཤེས་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

ཉིན་དེའི་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དང་ཐོག་གསར་འཛུགས་བྱས་པའི་སྐོར་ངོ་སྤྲོད་མདོར་བསྡུས་གནང་བ་དང། དེབ་དེས་གསར་འགོད་པ་རྣམས་ལ་ཕན་ཐོགས་ཡོད་པས། ཡག་པ་རེད། ནོར་ཝེ་རླུང་འཕྲིན་ཁང་ལ་མཚོན་ན་བཞུགས་སྒར་རང་ནས་བོད་པའི་གནས་སྟངས་དང། ༧རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་སྐོར་གྱི་གནས་ཚུལ་སྤེལ་གྱི་ཡོད་པས། ཚང་མས་ཐུགས་སྣང་གནང་གི་ཡོད་པ་རེད་ལ། གལ་ཆེན་པོའང་རེད་ཅེས་གསུངས་སོང།།

{jcomments on}