བགྲོ་གླེང་སྐབས་ཀྱི་དོ་སྣང་དགོས་ས།
བརྗོད་གཞི་དང་པོ། ༼སྐབས་གསུམ་པའི་བཀའ་བློན་ཁྲི་བ་འཚོལ་བ༽ཞེས་པ་ནི་སྐབས་གསུམ་པའི་བཀའ་ཁྲི་དེ་བཙན་བྱོལ་སྤྱི་ཚོགས་ནང་ནས་སུ་ཞིག་འོས་མིན་ཐད་ཞིབ་དཔྱད་ཀྱིས་གླེང་རྒྱུ་དེ་ཡིན།
གཙོ་སྐྱོང་བ་་་་་་་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་་་་་་་རང་གི་ཟིན་བྲིས་ནང་གོ་སྒྲིག་ཞུ་བཞིན་ཡོད།
བརྗོད་གཞི་གཉིས་པ། ༼སྐབས་གསུམ་བའི་བཀའ་བློན་ཁྲི་བའི་འགན་འཁྲི༽ ཞེས་པ་ནི་སྐབས་གསུམ་པའི་བཀའ་ཁྲི་སུ་ཞིག་ཕེབས་པ་དེས། བོད་ཀྱི་གནས་བབ་ལ་གཞིགས་ནས་བྱེད་ཐུབ་དགོས་པ་དེ་གང་དང་གང་ཞིག་ཡིན་མིན་ཐད་གླེང་རྒྱུ་དེ་ཡིན། གཙོ་སྐྱོང་བ་་་་་་འབའ་བ་སྐལ་བཟང་ཕྲིན་ལས་ཀྱིས་་་་་་རང་གི་ཟིན་བྲིས་ནང་གོ་སྒྲིག་བཞིན་ཡོད།
བགྲོ་གླེང་བ་རྣམས་ཀྱང་ཟིན་བྲིས་སོ་སོའི་ནང་ཕེབས་ཤེས་པ་གནང་སྟེ་བརྗོད་གཞི་སྤེལ་ས་མ་ནོར་བ་གནང་རོགས།
དེ་རིང་གི་དུས་ཚོད་ནི། སྔ་དྲོའི་བགྲོ་གླེང་ཆུ་ཚོད་༩་བའི་ཐོག་དབུ་བཙུགས་ཏེ། ཉིན་གུང་ཆུ་ཚོད་དང་པོའི་བར་འཚོགས་རྒྱུ་ཡིན་ལ། ཆུ་ཚོད་དང་པོ་ནས་ ༢ པའི་བར་གུང་ཟས་ཀྱི་བར་གསེང་ཡིན། ཕྱི་དྲོའི་བགྲོ་གླེང་ཆུ་ཚོད་ ༢ པའི་ཐོག་དབུ་བཙུགས་ཏེ་ཆུ་ཚོད་ ༥ པའི་བར་འཚོགས་ནས་ཉིན་གཅིག་གི་བགྲོ་གླེང་མཐའ་སྡོམ་ཞུ་རྒྱུ་བཅས་ཡིན།
ཐུགས་སྣང་དགོས་རྒྱུར། བགྲོ་གླེང་གི་དཀྱིལ་མར་འབྲེལ་མེད་ཀྱི་ལབ་གླེང་དང་། ཚིག་ངན་གྱི་སྨྲ་འབེབ་གཏན་ནས་མི་གནང་བ་བོད་མི་རིགས་ཀྱི་བཟང་སྤྱོད་ལ་གུས་བརྩི་ཞུ་རོགས་གནང་།
སྐབས་འདིར་དོན་སྙིང་ལྡན་པའི་བགྲོ་གླེང་ཞིག་བྱུང་ཚེ། ཚགས་ཤོག་དང་དུས་དེབ་ཁག་ཅིག་ནང་སྤེལ་འཆར་ཡོད་ལ། འདི་ནི་མ་འོངས་བོད་ཀྱི་རྩ་དོན་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན་ཚང་མས་རིག་པ་བསྒྲིམས་ཏེ་འཚོལ་དཔྱད་སྡུར་གསུམ་གྱི་ལམ་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་བ་གླེང་རོགས་ཞེས་ཡང་སྐྱར་ཞུ་རྒྱུ་ཡིན།
སྐབས་གསུམ་པའི་བཀའ་བློན་ཁྲི་བ་གླེང་བ་ཞེས་པའི་བགྲོ་གླེང་གོ་སྒྲིག་པས་གུས་འདུད་དང་བཅས་ཕུལ།།