ཨ་མ་རྗེ་བཙུན་པདྨ་འཁྲུངས་སྐར་ལ་བསུ་བ་ཞུ།
དེ་རིང་ནི་ནི་བོད་ཕྲུག་དང་མི་རིགས་གཅིག་པའི་ཉམས་ཐག་ཕྲུག་གུ་ཁྲི་ཕྲག་མང་པོར་དུང་ཕྲུག་འོ་མས་གསོལ་བ་བཞིན་ཤེས་ཡོན་གྱིས་གཤོག་རྩལ་བསྐྲུན་མཁན་གྱི་གངས་ཅན་ཨ་མ་རྗེ་བཙུན་པད་མ་མཆོག་གི་འཁྲུངས་སྐར་ཡིན་པས་གུས་མོས་ཧི་མ་ལ་ཡ་རི་རྒྱུད་ལ་གནས་མཁན་གྱི་བྱིས་པ་རྣམས་ཀྱི་ཚབ་བྱེད་ནས་སྐུ་ཉིད་བཞེད་དོན་ལྷུན་གྱི་འགྲུབ་པ་དང་སྐུ་ཚེ་ཡུན་དུ་གནས་པའི་འཚམས་དྲིས་བཀྲ་ཤིས་བདེ་ལེགས་ཞུ།།