ངའི་འབྱུང་འགྱུར་གྱི་བཀའ་ཁྲི།

ད་ལྟའི་སྐབས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་འཛིན་བློན་སོགས་ཀྱི་སློབ་སྦྱོང་གི་ཆུ་ཚད་དང་མཉམ་པ་དང། དགོས་མཁོའི་ཆ་རྐྱེན་ཚང་བའི་མི་ཞིག་ཐོན་ཡོད་པ་འདིར་ངེས་པར་དུ་གོ་སྐབས་ཕུལ་དགོས། གཉིས་པ། བོད་པའི་སྤྱི་ཚོགས་སུ་ཡོངས་གྲགས་དགོས་འདུན་འདོན་བཞིན་པའི་རིག་གཅིག་རྐང་འཛིན་དང་ན་གཞོན། རྒྱལ་ཞེན་ཅན། ལྷག་བསམ་བཅས་ཆ་རྐྱེན་ཚང་མ་འཛོམས་ཡོད། གསུམ་པ། ད་ལྟའི་བོད་གཞུང་གི་བོད་རྒྱའི་འབྲེལ་མོལ་གྱི་གནས་བབས་ཐད་ལ་རྒྱུས་མངའ་ཆེ་བ་དང་༧གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་ཁག་གི་དབར་བགྲོ་གླེང་གོ་སྒྲིག་ཐེངས་མང་ཞུས་ནས། ༧གོང་ས་མཆོག་གི་དགོངས་པ་དང་རྒྱ་ནག་གི་བྱེད་སྟངས་ཚང་མར་རྒྱུས་མངའ་ཆེ་བ། བཞི་པ། འཛམ་གླིང་གི་སྐྱབས་བཅོལ་གྱི་གནས་བབས་དང་། བཙན་བྱོལ་བོད་གཞུང་གི་སྐྱབས་བཅོལ་གྱི་གནས་བབས་ཐད། ལོ་མང་རིང་ཞིབ་འཇུག་བྱས་ནས་དཔེ་དེབ་འབྲི་མཁན་དང་པོ་དང། སྐྱབས་བཅོལ་གྱི་གནས་བབས་ལ་ཞིབ་འཇུག་གི་རྒྱལ་སྤྱིའི་གཟེངས་རྟགས་ཐོབ་མཁན་བོད་མི་དང་པོ་ཡིན་པས། སྐྱབས་བཅོལ་གྱི་གནས་བབས་ལ་འཚམས་པ། ལྔ་པ། མི་ཚེའི་ལོ་རྒྱུས་ནང་ལྐོག་ཟ་སོགས་ཀྱི་ནག་ཉེས་མེད་ལ་སྐྱེས་ཁོངས་ལ་མི་ཆེན་དཔོན་ཆེན་གྱི་ཆོ་ལོ་མེད་པ། འདས་པའི་ལས་དོན་ལ་མི་ཆེན་ཟླ་སྒྲིལ་དང་མི་དྲག་སྐུ་དྲག་གི་རྙོག་གླེང་མེད་ལ། ནུབ་ཕྱོགས་རྒྱལ་ཁབ་དང་ཡུལ་གཞན་གྱི་མི་སེར་མིན་པ་སྐྱབས་བཅོལ་རང་གི་ཐོག་ནས་གནས་ཡོད་པས། ང་ཚོ་བོད་མི་སྐྱབས་བཅོལ་བ་ལ་ཤིན་ཏུ་འཚམས་པའོ། མཇུག་བསྡོམས། འཛམ་གླིང་འདིའི་སྲིད་འཛིན་དང་སྲིད་བློན་སུ་ཡིན་རུང། དང་པོ་ནས་ལས་གནས་དེའི་ཐོག་ཉམས་བསག་ནས་ཡོང་བསྡད་པ་སུ་གཅིག་མེད། ལས་གནས་དེའི་ཐོག་འགྲོ་བའི་སྔོན་འགྲོའི་ཉམས་མྱོང་ལྟ་བུ་ནི། མི་ཚེ་གང་པོར་ཁྲིམས་ལུགས་སོགས་ལ་སྦྱང་བརྩོན་བྱས་པའི་ཤེས་ཡོན་གྱི་ལག་ཆ་དེ་རེད། གཞུང་གི་སྒྲོམ་གཞི་དང་འཛམ་གླིང་གི་གནས་བབས་ལ་ལྟ་མཁན་ཞིག་དགོས་པ་ལས། བོད་གཞུང་གི་སྲི་ཞུ་བ་རེ་རེའི་ལས་གནས་དང་ཀུན་སྤྱོད་ལྟ་མཁན་བཀའ་བློན་ཁྲི་པ་མ་རེད། འཇམ་བཟོད་ཀྱིས་བཀའ་ཁྲི་དམིགས་འདོན་བྱས་ཟིན་པས། བགྲོ་གླེང་གནང་བར་ཕེབས་པར་དགའ་བསུ་ཞུ།