བརྩེ་དུང་སྐོར་གྱི་སྐད་ཆ་འགའ་གདམ་བསྒྱུར་བྱས།་
༣།བུད་ཚོས་མཛའ་བརྩེ་ལ་བརྟེན་ནས་བརྩེ་དུང་དོར་ཐབས་བྱེད་ཅིང།་སྐྱེས་པ་ཚོས་མཛའ་བརྩེ་ལ་བརྟེན་ནས་བརྩེ་དུང་རག་ཐབས་བྱེད།
༤།བརྩེ་དུང་ནི་བྱེ་མ་ལག་ཏུ་འཛིན་པ་དང་མཚུངས་ཤིང་ག་ཚོད་ཤུགས་ཀྱིས་བསྡམ་ན་དེའི་ཚོད་ཀྱིས་ལག་ནས་མྱུར་དུ་ཤོར་འགྲོ།
༥།བུད་མེད་ཀྱིས་སྐྱེས་པར་འོ་སྐྱེལ་བ་ནི་བདེ་སྐྱིད་ཅིག་ལ་ངོས་འཛིན་པ་དང།་་སྐྱེས་པས་བུད་མེད་ལ་འོ་སྐྱེལ་བ་ནི་ཁོའི་བསོད་བདེ་ཞིག་ལ་ངོས་འཛིན་བྱེད།
༦།གསེར་ཡག་པོར་ཚོད་ལྟ་བྱེད་པར་མེ་དམར་པོ་དགོས་ལ། བུད་མེད་ཅིག་ལ་ཚོད་ལྟ་བྱ་བསམ་ན་རྒྱུ་ནོར་བེད་སྤྱོད་དགོས།་འོན་ཀྱང་སྐྱེས་པ་ཞིག་ལ་ཚོད་ལྟ་བྱེད་བསམ་ན་བུད་མེད་ཅིག་བེད་སྤྱོད་ན་འགྲིག
༧།ཕྲག་དོག་གི་ཚོར་ཤུགས་མང་པོ་མྱང་མྱོང་བའི་གང་ཟག་དེ་ཚོས་དུས་མཚུངས་སུ་ཁོང་ཁྲོའི་བྲོ་བའང་དེ་ལྟར་མྱང་ཚར་བ་རེད།
༨།ཚེ་སྔོན་མའི་བྱ་བ་བཤད་མཁན་ཚོས་སོ་སོར་མགོ་བསྐོར་གཏོང་བ་ཡིན་ལ། ཚེ་ཕྱི་མ་ལ་ཁ་གཡར་མཁན་ཚོས་མི་གཞན་མགོ་བསྐོར་གཏོང་བསམ་པ་རེད།༼འདི་ཆོས་ལུགས་དང་འབྲེལ་བ་མེད།༽
༩།ཕུག་བསམ་དང་དོན་དངོས་གཉིས་དབར་བར་ཐག་རིང་ཙམ་ཡོད། དེའང་མི་ཚོས་ཕུག་བསམ་ལེགས་གྲུབ་བྱུང་བར་རིན་ཐང་བརྩི་དགོས་པའི་རྒྱུ་མཚན་གྱི་ཕྱོགས་གཅིག་རེད།
༡༠།སྐྱེས་པ་ཚོས་བུད་མེད་དབར་འཁྲུག་རྩོད་ཤོར་དུས་བེད་སྤྱོད་དགོས་པའི་ཐབས་ལམ་མམ་ཉམས་མྱོང་བཟང་ཤོས་ཤིག་རག་ཡོད་པ་དེ་ནི་ཁ་ཁུ་སིམ་སིམ་ངང་བསྡད་རྒྱུ་དེ་ཡིན།
༡༡།སྐྱེས་པ་མང་ལ་དགའ་རྗེས་རིམ་བཞིན་དེ་དག་ཀྱང་གཡུག་ཆོག་ཆོག་གི་བུད་མེད་ཚོས་ཤེས་དགོས་པ་གཅིག་ཡོད་པ་ནི་ཁྱོད་རང་གིས་བརྩེ་དུང་ལ་རྩེད་མོ་རྩེད་དྲག་ན་མཐར་ཁྱོད་ཀྱི་བརྩེ་དུང་དེ་ལའང་རིན་ཐང་མེད་པར་གྱུར་རྒྱུ་དེ་ཡིན།
༡༢།མཛེས་སྡུག་ཅན་ནི་གཞན་གྱི་མིག་གི་ལོངས་སྤྱོད་རེད།་འོན་ཀྱང་མཛེས་སྡུག་གིས་བདེ་སྐྱིད་འབྱུང་མིན་ཐེ་ཚོམ་རེད།
༡༣།མི་གཞན་གྱིས་ཁྱོད་རང་སྨྱོན་པ་རེད་ཅེས་གླེང་འགོ་བཙུགས་དུས། ཁྱེད་རང་རྒྱལ་ཁ་དང་ཐག་ཉེ་སར་སླེབས་ཡོད་པར་ཤེས་པར་གྱིས།
༡༤།མི་ཞིག་ཐག་རིང་ས་ག་ཚོད་སླེབས་མིན་དེ་ཁོ་རང་སུ་དང་མཉམ་དུ་ཡོད་མེད་ལ་ལྟ་དགོས།་མི་ཞིག་ག་ཚོད་ཕུལ་བྱུང་ཡིན་མིན་དེ་སུས་ཁོ་ལ་ལམ་སྟོན་བྱེད་མིན་ལ་ལྟ་དགོས།་མི་ཞིག་རྒྱལ་ཁ་ཆེ་ཆུང་ག་ཚོད་ཐོབ་མིན་དེ་སུས་ཁོ་དང་མཉམ་འགྲོག་བྱེད་མིན་ལ་ལྟ་དགོས་སོ།
༡༥།ང་ཚོས་མི་གཞན་གྱི་འགག་རྡོ་དེ་དག་སེལ་ཐབས་བྱེད་པ་དུས་མཚུངས་སུ་དེ་ནི་སོ་སོར་མདུན་ལམ་བཟོས་པའང་ཡིན་སྲིད།
༡༦།སའི་གོ་ལ་ནི་འགུལ་སྤྱོད་བྱེད་བཞིན་པར་བརྟེན། ཁྱོད་རང་དུས་ནམ་ཡང་ཕམ་ཁའི་ས་ཁོ་ནར་ཞིག་ལ་གནས་བསྡད་པ་མིན།
༡༧།མི་ཚེའི་ནང་གི་སྐྱོ་གར་གཉིས་ཏེ།་གཅིག་ནི་ཁྱོད་རང་གིས་འདོད་པ་མེད་པ་དེ་རག་ཡོད་པ་དང་། གཞན་དེ་ནི་ཁྱོད་རང་གིས་སོ་སོའི་འདོད་ཕྱོགས་དེ་མ་རག་པ་དེ་ཡིན།
༡༨།ཁྱོད་ཀྱིས་དུས་ནམ་ཡང་ངའི་མིག་ནང་གི་འཆི་མ་མཐོང་མི་ཐུབ། གང་ཡིན་ཟེར་ན་ང་ཁྱོད་རང་མེད་པའི་དུས་སུ་ངུ་གི་ཡོད།