འོས་བསྡུ་དུས་གཅིག་ལ་འཁེལ་ཡོད་པས། ཚོང་ཡག་པོ་ཞིག་རྒྱག་སྲིད།

དེས་ན་ད་ལྟ་རེ་བ་ཆེ་བའི་བཀའ་ཁྲིའི་འོས་མི་གཅིག་ལ་དམིགས་འཛུགས་བྱས་ནས། དངོས་གཞི་བར་དུ་ང་བཀའ་ཁྲིའི་འོས་གཞི་ནང་ཡོང་གི་ཡིན། དེ་ནས་ང་ལ་རེ་བ་མེད་ན་ངའི་རྒྱབ་སྐྱོར་བ་ཡོངས་རྫོགས་ཁྱེད་ཀྱི་སྟེང་ལ་སྤུངས་ན། ཁྱེད་རང་རྒྱལ་ཁབ་ཐོབ་རྒྱུ་ལ་རེ་བ་ཆེ་བས། སྐབས་དེར་ཁྱེད་ཀྱི་ང་ལ་འདོད་བློ་ཚིམས་པའི་ཞབས་སྟེགས་ཤིག་མཁོ་འདོན་བྱེད་དགོས་ཟེརནས་སྔོན་འགྲོའི་ཆ་རྐྱེན་བཏོན་སྲིད་པ་རེད། ཕྱོགས་གཞན་པ་དེས་ཀྱང་དགའ་སྤྲོའི་ངང་ནས་དང་ལེན་བྱེད་རྒྱུ་ནི་བརྗོད་དུ་མེད་པ་རེད། ཆབ་སྲིད་མི་སྣ་ཚོས་ལག་འདྲེན་མགོ་འདྲེན་འདི་འདྲ་བྱེད་པའི་དབང་དུ་བཏང་ན། འོག་ཏུ་ཡོད་པའི་མི་མང་ཚོས་བསམ་བློ་ག་འདྲ་གཏོང་དགོས་ཀྱི་རེད། དང་པོ། མི་སུ་འདྲ་ཞིག་གིས་དང་ཐོག་དམིགས་བཀར་འོས་མི་གཅིག་ལ་ཤུགས་རྒྱག་ནས་ཡོང་སྐབས། བར་དུ་རེ་བ་མེད་པ་ཆགས་ན་སླར་ཡང་རང་ཉིད་ཀྱི་འོས་གཉིས་པ་དེ་སུ་འཕེན་མིན་འདེམས་ཁ་མ་ནོར་བ་བྱེད་དགོས་པ་ལས། རེ་བ་མེད་སའི་མི་དེར་བསྐྱར་དུ་འཕེན་ན་འོས་ཤོག་དོན་མེད་ཆགས་ཀྱི་ཡོད་པ་རེད། གཉིས་པ། རང་ཉིད་ཀྱིས་རེ་བ་བྱེད་སའི་མི་དེས་ཁྱེད་རང་གི་འདོད་བློ་དང་མཐུན་མིན་ལ་མ་ལྟོས་པར་ངེས་པར་དུ་ཁྱེད་རང་གིས་མི་གཞན་བླུགས་དགོས་ཟེར་ནས་རེ་འདུན་བྱེད་ན། སྐབས་དེར་ཁྱེད་ཀྱིས་གོང་དུ་ངས་ཞུས་པའི་ཞབས་སྟེགས་ཚོང་འབྲེལ་གྱི་འབྲེལ་ཐག་ལ་བསམ་བློ་གཏོང་དགོས། གསུམ་པ། ཞབས་སྟེགས་ཚོང་འབྲེལ་འདི་བོད་གཞུང་གི་འཛིན་སྐྱོང་ལ་སྔར་ལས་ལྷག་པའི་ནུས་པ་ཐོན་མི་སྲིད། གང་ཡིན་ཞེ་ན་མི་རྙིང་པ་རང་འཇགས་སླེབས་པ་རེད། མང་གཙོའི་འཕེལ་རིམ་ལའང་ཕན་ཐོག་བྱས་པ་ཞིག་མིན། གང་ཡིན་ཞེ་ན་མི་མང་ལ་མགོ་སྐོར་བཏང་པ་རེད། ཧ་ཧ་ཧ་