ཕྱི་ཕྱོགས་ཀྱི་རླུང་འཕྲིན་ཉན་ན་ཁྲིམས་འགལ་རེད།
ཁོང་འཇུ་བཟུང་བྱས་པ་ནས་བཟུང་ཟླ་གཉིས་ཙམ་གྱི་རིང་ས་གནས་གང་དུ་ཡོད་མེད་དང། གནས་སྟངས་ཇི་འདྲ་མིན་ཡིན་གང་ཡང་ཤེས་རྟོགས་མ་ཐུབ་པ་དང། ཉེ་བའི་ཆར་ཁོང་ཆབ་མདོ་ས་ཁུལ་གྱི་བཙོན་ཁང་དུ་ཡོད་པ་གཞི་ནས་ཤེས་རྟོགས་བྱུང་ཡོད་འདུག ཁོང་ནི་དུས་རྒྱུན་སྟོད་མངའ་རིས་ཁུལ་དུ་ཚོང་ལས་གཉེར་ནས་སྡོད་མཁན་ཞིག་ཡིན་པ་རེད།
གཞི་རྩའི་ཆ་ནས་རྒྱ་གཞུང་གིས་བོད་ཀྱི་ས་ཆ་ཚང་མར་ཕྱི་ཕྱོགས་ཀྱི་རླུང་འཕྲིན་དང། དྲ་རྒྱ། ཁ་པར་སོགས་ཀྱི་བརྒྱུད་ལམ་ནས་གནས་ཚུལ་རྒྱུས་ལོན་བྱས་ཚེ་ཁྲིམས་འགལ་དུ་བརྩིས་ནས་འཇུ་བཟུང་བྱེད་ཀྱི་ཡོད་པ་མ་ཟད། དྲ་ཁང་སོགས་སུ་གསང་བའི་པར་ཆས་བཙུགས་ནས་སོ་ལྟ་བྱེད་ཀྱི་ཡོད་པ་རེད།།
{jcomments on}