ཆུ་སྒང་གི་བཀའ་སྤྱྱི་གཉིས་ཀྱི་སྔོན་འགྲོ་འོས་གཞི་ལ་བསམ་ཚུལ།
ཆུ་སྒང་གི་སྤྱི་འཐུས་འོས་གཞི་ནང་ཆུ་སྒང་རྒྱུན་ལས་བཅུ་གཅིག་དང་གཞན་མི་གྲངས་དྲུག་བཅས་བཅུ་བདུན་འདུག སྤྱི་འཐུས་ལས་ཐོག་རྒྱ་རི་སྒྲོལ་མ་དང་དབུ་དཀར་གཡུ་སྒྲོན་གཉིས་མི་འདུག་དེ་མེད་པའི་རྒྱུ་མཚན་གང་ཡང་བཤད་མི་འདུག། གུས་པས་བལྟས་ན་དབུ་དཀར་གཡུ་སྒྲོན་སྤྱི་འཐུས་འོས་མིག་ནང་དགོས་པ་དང། རྒྱ་རི་སྒྲོལ་ལ་བཀའ་བློན་ཁྲི་པའི་འོས་གཞི་ནང་བཞགས་ན་ཚད་ལྡན་ཞིག་ཡོང་རྒྱུ་རེད་སྙམ། ཆུ་སྒང་གིས་འོས་གཞི་བདམས་ནས་ཆུ་སྒང་རྒྱུ་ལས་མང་པོ་ཞིག་བདམས་འདུག་པར་བལྟས་ན་མདོ་སྟོད་ཀྱི་སྤྱི་འཐུས་འོས་མིག་ཁ་འཐོར་དུ་འགྲོ་མི་ཡོང་ངམ་སྙམ།