ཨ་མདོ་རྔ་པ་ནས་རྩོམ་པ་པོ་གཉིས་འཇུ་བཟུང།

གཉན་གྱི་དངོས་མིང་ལ་འཇང་རྩེ་དོན་ཁོ་ཟེར་བ་དང། རྔ་བ་ཁུལ་ཁྱུང་མཆུ་རྫོང་ས་གནས་ལོ་རྒྱུས་ཞིབ་འཇུག་ལས་ཁུངས་ཀྱི་ལས་བྱེད་ཡིན་འདུག ཁོང་ནི་དེང་སྐབས་བོད་ནང་གི་རྩོམ་རིག་སྒྱུ་རྩལ་གྱི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་རྩོམ་པ་པོ་ཞིག་ཡིན་པ་དང། ཁོང་གི་སྙན་རྩོམ་དེབ་༼རོ་ལངས་༽ཞེས་པ་ ༢༠༠༢ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད་པ་དང། ཁོང་ལ་སྦྲང་ཆར་དུས་དེབ་སོགས་ནས་རྩོམ་རིགས་ཀྱི་བྱ་དགའ་མཐོ་ཤོས་ཐེངས་མང་ཐོབ་མྱོང་ཡོད་འདུག

བུད་ངྷ་ལགས་ནི་རྔ་བ་རྫོང་བར་མ་ཤང་བོད་སྨན་ཁང་གི་སྨན་པ་ཡིན་པ་དང་། ནམ་རྒྱུན་ཁོང་གིས་ཀྱང་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་པ་དང། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཚོས་རྩོམ་སྒྲིག་བྱས་པའི་༢༠༠༨ ལོའི་ཤར་དུང་རི་དུས་དེབ་ནང་། ༢༠༠༨ ལོའི་བོད་ཆོལ་ཁ་གསུམ་གྱི་ཞི་བའི་ངོ་རྒོལ་སྐོར་ལ་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་པའི་ནང་། ཁོང་གིས་ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཞིག་ཡོད་ཅེས་པ་དང་། ཕྱིར་རྟོག་དང་བསམ་གཞིག་ཅེས་པའི་རྩོམ་ཡིག་བྲིས་ཡོད་འདུག

དེ་བཞིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་དང་ཤར་དུང་རིའི་རྩོམ་སྒྲིག་པ། ཐེའུ་རང་ལགས་ད་ལོའི་ཕྱི་ཟླ་ ༤ བར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ནས་ད་བར་ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད། །

{jcomments on}