ཁམས་པའི་བོད་སྐད་བརྙན་འཕྲིན་དངོས་སུ་ཤར་གཏོང།

khapachanalanoncersགནས་ཚུལ་དེའི་སྐོར་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལས་ཁུངས་ཀྱི་འགོ་འཛིན་ཧའོ་ཏ་ཤིན་གྱིས་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་པ་ལྟར་ན།  ཁམས་སྐད་འཕྲིན་ལམ་དེ་ཟླ་བ་བརྒྱད་རིང་ལ་ཚོད་གཏོང་ཙམ་བྱས་པ་ཡིན་ལ། འཕྲིན་ལམ་འདི་དངོས་སུ་བཏང་རྗེས།   ལེ་ཚན་གྱི་བཀོད་སྒྲིག་ཐད་ནས་སྔར་ལས་ལུགས་དང་མཐུན་ཞིང་། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན།   ལེ་ཚན་ནང་དུ་《ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་གནད་བསྡུས》 ཀྱི་གསར་འགྱུར་གལ་ཆེན་དག་བཏུས་ནས་ཉིན་དེ་རང་ཡིག་བསྒྱུར་ཕབ་བཟོ་བྱས་ནས་དགོང་མོའི་ཆུ་ཚོད་༡༠ ཡི་ཡར་སྔོན་ལ་གཏོང་རྒྱུ་ཡིན་པ་དང་། དེ་མིན་《ཁམས་སྐད་བརྙན་འཕྲིན་གསར་འགྱུར》 ཞེས་པ་ཆེད་དུ་ཇུས་འགོད་བྱས་ཏེ་ཕབ་བཟོ་བྱས་ཡོད།  གཞན་ཡང་ཁམས་སྐད་ལེ་ཚན་དངོས་སུ་བཏང་རྗེས་རྒྱལ་ཡོངས་ཀྱི་རྒྱ་བོད་སྐད་གཉིས་སློབ་ཁྲིད་ཀྱི་ལེ་ཚན་ཐོག་མ་《བོད་རྒྱ་སྐད་གཉིས》 ལེ་ཚན་གཏོང་རྒྱུ་ཡིན་ཞིང། ལེ་ཚན་དེས་རྒྱ་བོད་སྐད་གཉིས་ཀྱི་ཁ་སྐད་སློབ་སྦྱོང་བྱེད་པ་གཙོར་བཟུང་བ་དང་། གསོན་ཉམས་ལྡན་པའི་འགུལ་རིས་འཁྲབ་སྟོན་གྱི་ལམ་ནས་རྒྱ་བོད་སྐད་གཉིས་སློབ་ཁྲིད་བྱེད་པ་ཞིག་ཡིན་པས། བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱ་སྐད་སྦྱོང་བར་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་བརྗོད་འདུག

ཁམས་པའི་བོད་སྐད་བརྙན་འཕྲིན་དེ་ཉིད་སྲུང་སྐར་འཕྲིན་ལམ་ནས་ཐད་ཀར་གཏོང་བ་དང་། སྐུད་ཡོད་བརྙན་འཕྲིན་དྲ་བ་བརྒྱུད་ནས་གཏོང་བ། སྐུད་མེད་འཕང་མདའ་ཚུལ་དུ་གཏོང་བ་སོགས་གཏོང་ལམ་སྣ་མང་བརྒྱུད་དེ་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཡུན་ན། ཀན་སུའུ་བཅས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་ལྔའི་ཁམས་པའི་ས་ཁུལ་དུ་ཁྱབ་པ་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག །

{jcomments on}